རྩེ་ཁོག་རྫོང་སྐྱེ་ལྡན་འབྲོག་ལས་ཐོན་ལས་ཁུལ་རྒྱལ་ཡོངས་ཀྱི་རྨོ་འདེབས་རིག་གནས་ལག་ལེན་སྒར་སའི་ཁྲོད་བདམས་ཐོན་བྱུང་། 
2023.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ཆར། ཞིང་ལས་ཞིང་སྡེ་པུའུ་གཞུང་སྒྲུབ་ཐིན་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གཞུང་སྒྲུབ་ཐིན། རྒྱལ་ཡོངས་ན་གཞོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱིས་ཁག་དང་པོའི་རྨོ་འདེབས་རིག་གནས་ལག་ལེན་སྒར་ས་དྲུག་ཅུ་ཡོངས་བསྒྲགས་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྐྱེ་ལྡན་འབྲོག་ལས་ཐོན་ལས་ཁུལ་དེའི་ཁྲོད་བདམས་ཐོན་བྱུང་། 

རྨོ་འདེབས་རིག་གནས་ལག་ལེན་སྒར་ས་འཔྱད་འདེམས་བྱ་རྒྱུ་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱེད་སྒོ་གྲས་ཡིན་ལ། དེ་ནི་ཀྲུང་ཧྭའི་རྨོ་འདེབས་རིག་གནས་དར་སྤེལ་དང་རྒྱུད་འཛིན་གྱི་གསར་གཏོད་ཐབས་ལམ་ཞིག་ཡིན་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ལོ་ཆུང་བྱིས་པ་རྣམས་སྒྲིག་འཛུགས་བྱས་ནས་རྨོ་འདེབས་རིག་གནས་ལག་ལེན་སྒར་སར་ལྟ་སྐོར་དང་སློབ་སྦྱོང་། དང་བླངས་གསལ་བཤད་བྱེད་པ། རྨོ་འདེབས་ཉམས་ལེན་བྱེད་པ་སོགས་ཀྱི་བྱ་འགུལ་བརྒྱུད་ནས་ལོ་ཆུང་བྱིས་པས་ཀྲུང་ཧྭ་རྨོ་འདེབས་རིག་གནས་ལ་ངོས་འཛིན་དང་དར་སྤེལ་གཏོང་བར་སྐུལ་སློང་བྱ་དགོས།

རྩེ་ཁོག་རྫོང་གི་སྐྱེ་ལྡན་འབྲོག་ལས་ཐོན་ལས་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་རེ་དྲུག་ཚེག་བདུན་ཡོད་ལ། དེ་ནི་ཞིབ་འཇུག་གསར་སྤེལ་ལས་སྣོན་དང་ཚོང་ཟོག་སྡེབ་སྐྱེལ། ཕྱོགས་བསྡུས་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཞིག་ཡིན། དེར་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་དང་ཚན་རྩལ་ཐོན་ལས། ཡུལ་སྐོར་ཐོན་ལས་སོགས་ཁྱབ་ཁོངས་མང་བོ་ཚུད་ཡོད། 2021ལོར་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་རིག་ལམ་བསྒྱུར་ཏེ། འབྲི་གཡག་དང་བོད་ལུག་གསོ་སྤེལ་ལ་བརྟེན་ནས་ཕྱོགས་ཡོངས་ནས་གླིང་ཁུལ་གྱི་ནུས་པ་ཆེ་རུ་བཏང་ལ། དེར་སློབ་གསོ་གསོ་སྦྱོང་དང་རིག་གནས་འགྲེམས་སྟོན། རྨོ་འདེབས་ཉམས་ལེན་སོགས་ཀྱི་ནང་དོན་སྣོན་པ་དང་། འགྲེམས་སྟོན་ཁང་དང་སློབ་ཁྲིད་ཁུལ། ཚོད་ལྟ་ཁང་། བཟོ་ཁང་སོགས་བཙུགས་པས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གྱུར།  གླིང་ཁུལ་དུ་མིག་སྔར་རྨོ་འདེབས་རིག་གནས་ཀྱི་ལག་ལེན་སློབ་ཚན་མང་པོ་གསར་སྤེལ་བྱས་ཏེ་མི་ཐེངས་བཞི་བརྒྱ་གསོ་སྦྱོང་བྱས་ནས་རིམ་བཞིན་ངལ་རྩོལ་གྱི་སྙིང་སྟོབས་གསོ་སྐྱོང་དང་རྨོ་འདེབས་རིག་གནས་དར་སྤེལ་གཏོང་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར། 

བཀྲ་ཤིས་ལྷ་མོས་བསྒྱུར། (དངོས་སྦྱོང་སློབ་མ།)