མཚོ་ནུབ་ཁུལ་གྱིས་ཞིང་ཕྱུགས་ལས་རིགས་ཀྱིས་ཁེ་ལས་ལ་རོགས་རམ་བྱེད་པ་དང་དྲོད་འཁོལ་སྐྱེལ་བའི་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས།
2023.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ལས་རིགས་ཀྱིས་ཁེ་ལས་ལ་རོགས་རམ་བྱེད་པ་དང་དྲོད་འཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཏེ། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ལས་ཐོན་སླར་གསོ་ཐུབ་པར་རོགས་རམ་དང་། དུས་ཚིགས་དང་པོར་རྒྱལ་ཁ་ལེན་པར་ཁག་ཐེག་བྱས་ནས་ལོ་ཧྲིལ་བོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཁེ་ལས་ལ་རོགས་རམ་བྱེད་པ་དང་དྲོད་འཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་གཞི་འཛིན་ས་གཙོ་བོར་བཟུང་སྟེ། མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་ལས་རིགས་ཀྱིས་ཁེ་ལས་ལ་རོགས་རམ་དང་དྲོད་འཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་ཀྱི་ཇུས་གཞི་ལྟར། ཁུལ་ཁོངས་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་ཡིད་ཆེས་ཇེ་བརྟན་དང་ངོས་ཤེས་ཇེ་མཐོར་བཏང་ནས། ཁེ་ལས་ལ་རོགས་རམ་དང་དྲོད་འཁོལ་སྐྱེལ་བའི་ལས་འགན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ། ཞིང་འབྲེལ་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་འགག་སྒོ་བརྟོལ་བ། འཕེལ་རྒྱས་ལ་རོགས་འདེགས་བཅས་བྱས་ནས། ཞིང་འབྲེལ་ཁེ་ལས་མྱུར་དུ་སླར་གསོ་དང་ཐོན་ཚད་བརྟན་ལ་སྤུས་ཀ་ལེགས་པར་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་རྒྱུ་རེད།

འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་འབྲེལ་བྱས་ནས་བྱེ་བྲག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱུན་ཆད་མེད་པར་གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་སྔོན་དཔག་བརྟན་པོ་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཞིང་ཕྱུགས་ལས་རིགས་ཀྱི་གཙོ་གཞིའི་ཁྲོམ་ར་འགག་སྒོ་ལས་ཐར་བར་བྱེད་པ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རོགས་ཤུགས་འདོན་དགོས། དུས་མཉམ་དུ། སྲིད་ཇུས་དྲིལ་སྒྲོག་དང་འདྲི་རྟོགས་བྱ་བ་ལེགས་པོར་སྒྲུབ་སྟེ། རང་འགུལ་གྱིས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ་དང་། ཞིང་ཕྱུགས་ལས་རིགས་ཀྱིས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལོན་པར་རོགས་བྱེད་པ། ཁེ་ལས་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་ཐག་གཅོད་རོགས་བཅས་བྱས་ནས། སྲིད་ཇུས་དང་ཁེ་ལས་བར་གྱི་འབྲེལ་ཟམ་ཡག་པོར་བསྐྲུན་དགོས། ཇུས་གཞིའི་ཁྲོད་ཀྱི་ཕྱོགས་ལྔའི་གནད་དོན་དང་རོགས་སྐྱོར་ལས་འགན་གཙོ་བོ་བཞིར་དམིགས་ཏེ། ལོ་ཧྲིལ་བོའི་ཁུལ་ཁོངས་ཡོངས་ཀྱི་སྐོར་ཐེངས་བཅུ་ཡི་གཙོ་གནད་ལས་དོན་དང་ཞིང་ཕྱུགས་ལས་རིགས་ཀྱི་མི་འདང་ས་ཁ་གསབ་བྱེད་པའི་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་ནས། ཐོན་ལས་མཉམ་བསྲེས་དང་ཚུལ་སྒྱུར་རིམ་སྤོར་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ལྟར་བྱ་བའི་ཆེད་སྦྱོང་འཛིན་གྲྭ་བསྡུ་བ་དང་མཉམ་འབྲེལ་འགན་ལེན་ལམ་ལུགས་བཙུགས་ནས། ལས་དོན་ཁག་གོ་རིམ་ལྡན་པར་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས།

དེ་ལས་གཞན། སྡེ་ཁག་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཁེ་ལས་ལ་རོགས་རམ་དང་དྲོད་འཁོལ་སྐྱེལ་བའི་ལས་འགན་སྣ་ཚོགས་ཞིབ་ཚགས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་རིགས་ལ་རོགས་བྱས་ཏེ་སྲིད་ཇུས་དངོས་འབེབས་དང་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་དགོས་ལ། སྔར་ལས་རང་འགུལ་གྱི་རྣམ་འགྱུར་དང་སྔར་ལེགས་པའི་ཞབས་ཞུའི་རྣམ་འགྱུར་བཟུང་སྟེ་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་འགྲོ་བའི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས། འགུལ་སྐྱོད་ཇུས་གཞི་དམིགས་སུ་བཟུང་སྟེ། ཞིང་ཆེན་དང་ཁུལ་རིམ་པའི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་པ་དང་གནད་འགག་དམ་འཛིན་བྱས་ཏེ། ཁེ་ལས་ལ་ཞབས་འདེགས་ཞུ་བའི་རྒྱུན་རྣམ་ཅན་གྱི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ཁེ་ལས་ཀྱི་འཕེལ་རྒྱས་ཐད་སྤུས་ལེགས་ཕན་འབྲས་མཐོ་བའི་ཞབས་ཞུ་ཧུར་ཐག་གིས་འདོན་སྤྲོད་བྱས་ཏེ། ཁེ་ལས་ལ་རོགས་རམ་དང་དྲོད་འཁོལ་སྐྱེལ་བའི་བྱེད་ཐབས་དགོས་མཁོ་ཅན་གྱི་ཁེ་ལས་གང་རུང་ནས་ལག་བསྟར་བྱེད་ཐུབ་པར་བྱེད་རྒྱུ་རེད།

                                                                                                            རིག་འཛིན་སྒྲོལ་མས་བསྒྱུར།