ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཞུགས་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་འགན་སྲུང་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དང་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི་སྐོར་ཁག་དང་པོའི་རྩལ་ནུས་འཇོན་མིའི་ལས་རིགས་ནུས་པར་དཔྱད་ཞིབ་བྱེད་པའི་བྱ་བ་སྤེལ་བ་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཀོའུ་ཡུལ་ཚོའི་ཁའུ་ཙི་སྡེ་བའི་འཐེན་ཐུག་གསོ་སྦྱོང་ལས་མཐར་ཕྱིན་པའི་མི་ལྔ་བཅུ་ལྷག་ཙམ་དཔྱད་ཞིབ་ཁྲོད་ཞུགས།
གྲོང་གསེབ་ཀྱི་རྩལ་ནུས་འཇོན་མིའི་དཔྱད་ཞིབ་བྱེད་ཐེངས་མང་ལ་ཁྱབ་རྒྱ་ཆེ་བའི་ཁྱད་ཆོས་ལ་དམིགས་ཏེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལམ་ལུགས་དང་མི་སྣ། གཞི་གྲངས། རྒྱུགས་གཞི་བཅས་ཀྱི་སྤུས་ཚད་འགག་སྒོ་ནན་མོར་བསྲུངས་ནས་དྲ་ལམ་ལྟ་སྐུལ་མཛུབ་ཁྲིད་དང་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན། ཆེད་དོན་ལྟ་སྐུལ་འཛུབ་སྟོན། རྒྱུན་ལྡན་གྱི་ལྟ་སྐུལ་མཛུབ་ཁྲིད་བཅས་ཕྱོགས་ཡོངས་ནས་སྤེལ། དུས་མཚུངས་སུ་གསར་དར་ཐོན་ལས་འཕེལ་རྒྱས་དང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་དགོས་མཁོ་དང་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོར་དམིགས་ནས་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་ཚད་གཞི་དང་ལས་རིགས་ཁེ་ལས་ཀྱི་གདེང་འཇོག་ཚད་གཞི། ཆེད་དོན་ལས་རིགས་ནུས་པར་དཔྱད་ཞིབ་ཚད་གཞི་སོགས་ལས་གྲུབ་པའི་རིམ་པ་མང་ཞིང་ཕན་ཚུན་འབྲེལ་མཐུད་ཀྱི་ལས་རིགས་ཚད་གཞིའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས།
《དུས་རབས་གསར་པའི་རྩལ་ནུས་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ནང་བཏོན་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་མཇུག་ཏུ་རྩལ་ནུས་འཇོན་མིའི་ལས་ཞུགས་མི་སྣའི་བསྡུར་ཚད་ཀྱིས་བརྒྱ་ཆའི་སུམ་ཅུའི་ཡན་ཟིན་པའི་བླང་བྱ་ལྟར། རང་རེའི་ཞིང་ཆེན་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་དང་འཚམས་པའི་རྩལ་ནུས་དཔྱད་འཇོག་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་། དཔྱད་འཇོག་བྱེད་སྟངས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རྩལ་ནུས་འཇོན་མིའི་གཞི་རྒྱ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། ད་ལོ་ནས་བཟུང་། གྲོང་གསེབ་ཀྱི་ངལ་རྩོལ་པ་དྲུག་སྟོང་ལྷག་གིས་རྩལ་ནུས་དཔྱད་འཇོག་བྱས་པ་བརྒྱུད་རྩལ་ནུས་འཇོན་མིའི་ཐོབ་ཐང་ལ་འགྱུར་བ་བླ་ལྷག་བསྩལ།
ཚེ་རིང་ཆོས་མཚོས་བསྒྱུར། (དངོས་སྦྱོང་སློབ་མ)