ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་རྒྱུས་ལོན་པ་ལྟར་ན། གྲོལ་མ་ཐག་པའི་ཉིས་སྟོང་ཉེར་གསུམ་ལོའི་ཡ་གླིང་གོམ་འགྲན་འགྲན་སྡུར་སྟེང་། རང་ཞིང་གི་ལུས་རྩལ་པ་སྒྲོལ་མ་གཡང་སྐྱིད་ལ་སྤྱི་ལེ་ཉི་ཤུའི་གོམ་འགྲན་འགྲན་སྡུར་ཁྲོད་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
སྒྲོལ་མ་དབྱངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཡིན། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཡོངས་བུད་མེད་གོན་འགྲན་འགྲན་སྡུར་གྱི་སྤྱི་ལེ་བཅུའི་འགྲན་སྡུར་ཁྲོད་དུ་གསེར་གྱི་རྟགས་མ་ཐོབ། ཉིས་སྟོང་ཉེར་གཅིག་ལོར། རྒྱལ་ཡོངས་སྐབས་བཅུ་བཞི་པའི་ལུས་རྩལ་བྱ་འགུལ་ཁྲོད་སྤྱི་ལེ་ཉི་ཤུའི་བུད་མེད་གོམ་འགྲན་འགྲན་རྒྱུགས་ཁྲོད་ཚོགས་པའི་ངོས་ནས་མཚོ་སྔོན་གྱི་འཐུས་ཚབ་བྱས་ཏེ་དངུལ་གྱི་རྟགས་མ་བླངས། ཉིས་སྟོང་ཉེར་གཉིས་ལོར། རྒྱལ་ཡོངས་བུད་མེད་གོན་འགྲན་འགྲན་རྒྱུགས་ཁྲོད་སྤྱི་ལེ་ཉི་ཤུའི་ཨང་དང་པོའི་བྱ་དགའ་ཐོབ།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།