ཐིན་རིམ་པ་ཡན་གྱི་ལས་བྱེད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་འཚོགས་འགོ་བརྩམས།
2023.03.22 ཁུངས། ཀློག་གྲངས། 13

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་ཐིན་རིམ་པ་ཡན་གྱི་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཟབ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་འགོ་ཁྲིད་མི་སྣ་སོགས་བསྡོམས་པས་མི་བཞི་བཅུ་ལ་དུས་ཡུན་ཟླ་གཅིག་གི་ཟབ་སྦྱོང་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིའི་ཟབ་སྦྱོང་ཁྲོད་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པར་མ་ལག་རང་བཞིན་ལྡན་པའི་སློབ་སྦྱོང་བྱས་པ་བརྒྱུད་ནས། དགོངས་པ་གལ་ཆེན་འདིའི་འཕེལ་རྒྱས་རྩ་ལག་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ཚན་རིག་མ་ལག  ལག་ལེན་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ་དང་། གསར་གཏོད་རང་བཞིན་གྱི་བྱས་རྗེས་དང་ལོ་རྒྱུས་གོ་གནས། དོན་སྙིང་གལ་ཆེན་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་དག་བཀོལ་སྤྱོད་བཟང་བོ་བྱ་རྒྱུ་རེད།

ཟབ་སྦྱོང་གི་སྐབས་སུ། སློབ་མ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྤྱི་རྣམ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་དད་མོས་ཇེ་བརྟན་དུ་གཏོང་བའི་དེང་རབས་བསམ་གཞིག་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་བརྒྱུད་རིམ་དང་ཉམས་མྱོང་གཙོ་བོ་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྲིད་འཛིན་ཇུས་ཆོད་ཀྱི་ཁྲིམས་བཅད་བརྒྱུད་རིམ་གལ་ཆེན་ནང་སྦྱོང་བྱེད་པ་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་དང་བགྲོ་གླེང་བྱ་རྒྱུ་རེད། ། ཟབ་སྦྱོང་འཛིན་གྲྭས་གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱས་ཏེ། སློབ་ཁྲིད་ཀྱི་རྣམ་པ་དང་། ཕན་ཚུན་བརྗེ་རེས་ཀྱི་རྣམ་པ། ཡུལ་དངོས་སློབ་ཁྲིད་ཀྱི་རྣམ་པ། འཛིན་གྲྭའི་བགྲོ་གླེང་གི་རྣམ་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཤིང་ཁོང་དུ་ཆུད་པར་བྱ་རྒྱུ་རེད།  

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།