ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་འབུམ་རམས་པའི་གླེང་སྟེགས་ཟི་ལིང་དུ་བསྡུས།
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་གསོ་རིག་ལྷན་ཚོགས་དང་ཞིང་ཆེན་ཀླད་སྙིང་ཁྲག་རྩྭའི་ཆེད་ལས་སྨན་ཁང་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2023ལོའི་མཐོ་སྒང་གི་གསོ་རིག་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་འབུམ་རམས་པའི་གླེང་སྟེགས་ཟི་ལིང་དུ་བསྡུས།

ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བ་ནི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་རིག་ནུས་རྣམ་གྲངས་གལ་ཆེན་ཡིན། ལོ་ངོ་མང་པོའི་རིང་ལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་རང་སོ་སོའི་ཆེད་ལས་འཇོན་ཐང་ལ་བརྟེན་ནས། འདུ་ཤེས་གསར་པ་བརྒྱུད་སྒྲོག་དང་ཤེས་བྱ་གསར་པ་ངོ་སྤྲོད་བྱས་པ་དང་། ལག་རྩལ་གསར་པ་སྤེལ་ནས། མཐོ་སྒང་ས་ཆ་ནས་ཇུས་འདོན་པ་དང་སྒྲོག་ཐག ཤེས་ལྡན་མི་སྣ་སྐྱེད་སྲིང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ། གླེང་སྟེགས་བསྡུས་པ་དེས། རང་ཞིང་གི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱི་འདུ་ཤེས་དང་ཤེས་བྱ། ལག་རྩལ་གསར་བསྒྱུར་བྱེད་པའི་ཐད་སྐུལ་འདེད་གཏོང་ཐུབ་པ་དང་། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཕན་འདོགས་ཐུབ།

རིན་ཆེན་མཚོས་བསྒྱུར།