ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ཀྱི་ཚུན་ལ། ཞིང་ལས་ཞིང་སྡེ་ཐིན་གྱིས་བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཆེན་པོ་བརྒྱད་དང་མཚོ་སྔོན་ཞིང་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་འགུལ་སྐྱོད་ཇུས་གཞི་གཏན་འཁེལ་བྱས་ཏེ། ཞིང་ལས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔྱིད་འདེབས་གྲ་སྒྲིག་དང་ལུ་གུ་ལེན་གཉོར། སྔོ་ཚོད་ཐོན་སྐྱེད་སོགས་དཔྱིད་ཀའི་ཐོན་སྐྱེད་བྱ་བ་གཙོ་བོ་དམ་འཛིན་བྱས་པ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལས་འགན་སྣ་ཚོགས་གོ་རིམ་ལྡན་པར་ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དང་པོའི་ཞིང་ལས་ཞིང་སྡེ་ཐོན་སྐྱེད་མགོ་བཟང་བོ་ཞིག་ཚུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།