མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟ་སྐུལ་དོ་དམ་གྱི་མཉམ་འགུལ་ཁྲིམས་བསྟར་ལ་གྲུབ་འབྲས་མངོན་གསལ་བླངས། 
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ལས་ཇེ་སྡུག་ཏུ་མི་གཏོང་བའི་མཐའ་ཚད་དམ་པོར་བསྲུངས་ནས་ཕྱོགས་གསུམ་ཀྱི་ཐབས་ཤེས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟ་སྐུལ་དོ་དམ་གྱི་མཉམ་འགུལ་ཁྲིམས་བསྟར་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས།

ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་ནས་བཟུང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟ་སྐུལ་དོ་དམ་ཁྲོད་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་སོགས་ཀྱི་གནད་དོན་དག་ཐེར་ལ་མཉམ་འགུལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་གཉིས་ཀྱི་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། སྐོར་ཐེངས་གཉིས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དག་ཐེར་ལས་འགན་ལེགས་འགྲུབ་བྱས་ཚད་བརྒྱ་ཆའི་གོ་བདུན་ཡིན།

གསེར་གཏེར་གྱི་དོང་འདྲུ་སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་གྲལ་བཤེར་དག་ཐེར་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བར་རྩ་འཛུགས་བྱས་ནས་ཉེན་ཡོད་སྙིགས་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་བཙོག་འབུད་ལས་ཁུངས་ཀྱིས་རང་འགུལ་ངང་གཞི་གྲངས་རྫུན་བཟོའི་ཁྲིམས་འགལ་ཉེས་གསོག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཆེད་དོན་འགུལ་སྐྱོད་སྤེལ་ནས་རྡུང་རྡེག་ཟབ་མོ་བཏང་། ཁྲིམས་འགལ་ཁེ་ལས396ཞིབ་བཤེར་ཐག་གཅོད་བྱས་པ་དང་སྲིད་འཛིན་ཆད་གཅོད་ཐེངས་138བྱས་པ་དང་། བྱེད་ཐབས་བཞི་ཆ་སྒྲིག་གི་གྱོད་གཞི10ཐག་གཅོད་བྱས། དེ་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་གི་བྱ་སྤྱོད་ཚད་གཞི་བཏོན་པ་དང་། མཚོ་བྱང་བོད་རིགས་སྐྱོང་ཁུལ་གྱིས་ལྟ་ཞིབ་ཁྲིམས་བསྟར་གྱི་འབྲེལ་ཡོད་ལམ་ལུགས་དང་བྱ་ཐབས་ཁག20བཅོས་ནས་འཐུས་ཚང་དུ་བཏང་།

བཀྲ་ཤིས་ལྷ་མོས་བསྒྱུར། (དངོས་སྦྱོང་སློབ་མ།)