
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་བྱ་བ་སྤེལ་བ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་རེ་འདོད་ཀྱི་གནད་དོན་ཐག་གིས་བཅད་པ་དང་། གཞི་རྩའི་དམངས་ཚིས་འགན་སྲུང་བྱས་ནས་མི་དམངས་བདེ་སྐྱིད་ལྡན་པར་འབད་བརྩོན་བྱས།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་བ་དང་། ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བར་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་བསྣན་ཞིང་། རོགས་སྐྱོར་བྱ་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས་། རིམ་རྩིས་བྱས་ན་རིགས་གསུམ་པའི་ཁྱིམ་ཚང་སུམ་སྟོང་བདུན་བརྒྱ་ཞེ་གསུམ་གྱི་མི་ཆིག་ཁྲི་དྲུག་སྟོང་ཆིག་བརྒྱ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཉེན་ཁ་ཡོད་པའི་ཁྱིམ་ཚང་ཉིས་སྟོང་བཞི་བརྒྱ་དོན་བཞི་ཡི་མི་ཆིག་ཁྲི་དྲུག་བརྒྱ་ཉེར་བདུན་གྱི་ཉེན་ཁ་མེད་པར་བཟོས་ནས་གཞི་ཁྱོན་ཅན་གྱི་དབུལ་བོ་བསྐྱར་ལོག་མི་འབྱུང་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད། འོས་འགན་སློབ་གསོའི་སྐབས་སུ་སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་འགུལ་རྣམ་གཙང་སེལ་བྱས་པ་དང་། སྡེ་བ་རིམ་པའི་སྨན་བཅོས་ཞབས་ཞུའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་། ཞིང་བའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ཀྱི་ཚད་གཞི་ཆེ་རུ་བཏང་བ་དང། འགན་སྲུང་གསུམ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། གཅིག་སྡུད་ཀྱི་ཆུ་མཁོ་འདོན་བྱ་ཡུལ་496ཉམས་གསོ་སྐྱུར་བཀོད་བྱས་པ་དང་རོང་འབྲོག་སྡེ་བའི་བདེ་འཇགས་འཐུང་ཆུ་འགན་ལེན་ནུས་ཐུབ་ཡོད། ནོར་སྲིད་ཀྱི་འབྲེལ་མཐུད་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་བཞི་བརྩོན་ལེན་བྱས་ནས་ཁྱིམ་ཚང་དུ་དངུལ་བུན་སྒོར་དུང་ཕྱུར་བཞི་བྱེ་བ་དྲུག་ས་ཡ་དྲུག་བཏང་བ་དང་། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་དར་རྒྱས་གཏོང་བའི་ལས་གཞི1486ལག་བསྟར་བྱས་པ། སྣེ་འདྲེན་ཁེ་ལས་13གསོ་སྐྱོང་ནང་འདྲེན་བྱས་པ། ལྔ་ལྡན་མཉམ་ལས་ཁང2586བཙུགས་པ་དང་ཁྱིམ་ཚང་གི་ཞིང་ར་དང་ཕྱུགས་ར1432ལ་རོགས་སྐྱོར་བྱས་པས། ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་འགན་སྲུང་སྔར་ལས་ནུས་ལྡན་དང་། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ཕན་འབྲས་སྔར་ལས་མངོན་གསལ་དོད་པ། མཉམ་ལས་ཁང་གཉེར་སྐྱོང་སྔར་ལས་ཚད་ལྡན་དུ་བཏང་། ཡུལ་གཞན་དུ་གནས་སྤོར་བྱས་རྗེས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་ལག་ཚང་བའི་ལས་གཞི16ལག་བསྟར་བྱས་པ་དང་། གནས་སྤོར་ཁྱིམ་ཚང་ཚང་མར་ཆ་སྙོམས་ཀྱིས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་བརྟན་པོ་ཡོང་བ་བྱས་པས། གནས་སྤོར་མང་ཚོགས་ལ་ཡོང་འབབ་ཀྱི་ཡོང་ཁུངས་ཡོད་པ་དང་འཚོ་བར་འགན་ལེན་ཡོད་པ་བྱས་ཡོད།
འཕྲིན་གཏོང་བ། བདེ་སྐྱིད་མཚོ།