མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ།
2023.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་ཚུན་དུ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བ་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ཡིན་པ་རྒྱུན་འཁྱོངས་བྱས་ནས། མྱུར་དུ་བྱ་བའི་ཆེད་དོན་ཚན་ཁག་བཙུགས་པ་དང་། བྱ་བའི་རྐྱེན་སྲོལ་བཙུགས་ལ། འགན་འཁྲི་ཁག་བགོས་གཏན་ཁེལ་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁེ་ལས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས།

བྱ་བའི་རྐྱེན་སྲོལ་དམ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བཟོ་སྐྲུན་ལས་རིགས་ཆེད་དོན་ཚན་ཆུང་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། མཉམ་འབྲེལ་རོགས་སྐྱོར་རྐྱེན་སྲོལ་བཙུགས་ལ། ཐིན་འགོ་ཁྲིད་པའི་ཕྱོགས་མང་པོར་ཁ་གཏད་པའི་འགན་ལེན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ། ཐིན་གྱི་འགོ་ཁྲིད་དགུ་ཡིས་ཁེ་ལས་སོ་གཉིས་ལ་འགན་ལེན་མཉམ་འབྲེལ་བྱས། མིག་སྔའི་བར་དུ། ཐིན་ཡོངས་ཀྱི་ལས་བྱེད་པ་བརྒྱ་དང་ཞེ་གཅིག་སྐོར་ཐེངས་དང་པོའི་ཁེ་ལས་དང་བཟོ་གྲྭར་སོང་ནས་རྟོག་ཞིབ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཏེ། བསྡོམས་པས་ཡར་ཞུ་གནད་དོན་བརྒྱ་དང་བཅུ་གསུམ་བསྡུ་རུབ་བྱས་པ་དང་། བརྒྱུད་སྤྲོད་ལག་བསྟར་གནད་དོན་ང་ལྔ་ཐག་གཅོད་བྱས།

ཡུན་ཕན་རྐྱེན་སྲོལ་དམ་འཛིན་བྱས་ནས། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཐོབ་ཐང་དང་ནུས་པའི་དོ་དམ་སྔར་ལས་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་དང་། ལག་རྩལ་འགན་ཁུར་མི་སྣའི་གྲུབ་འབྲས་བདེན་དཔང་དཔྱད་གཞི་མེད་པར་བྱས་ལ། ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་བྱས་པའི་མི་སྣ་གཙོ་བོའི་སྤྱི་ཚོགས་འགན་སྲུང་བདེན་དཔང་ཡིག་ཆ་ཐད་ནས་ཁས་ལེན་ལམ་ལུགས་ལག་བསྟར་བྱས། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཐོབ་ཐང་ནུས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆོག་མཆན་འཛིན་ཡིག་མཉམ་དུ་བླངས་ནས། ཁེ་ལས་ཀྱི་ལས་སྒྲུབ་བརྒྱུད་རིམ་སྔར་ལས་སྟབས་བདེ་རུ་བཏང་།

སྲིད་ཇུས་ལག་བསྟར་བྱེད་པ་དམ་འཛིན་བྱས་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་རྒྱུན་ལོན་མེད་པ་དང་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སྤྱོད་གང་ལེགས་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྲིད་ཇུས་ཀྱི་ལག་དེབ་སྒྲིག་བཟོ་དང་པར་སྐྲུན་བྱས་ཏེ། རིགས་མི་འདྲ་བའི་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱས། དེ་དང་མཉམ་དུ། བཟོ་སྐྲུན་ཨར་ལས་ཀྱི་ལས་རིགས་སྤྱི་གཉེར་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་རིག་གནས་པ་དོན་དགུ་གདན་ཞུ་བྱས་ནས་རྐང་འཛིན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ལས་གཞིའི་སྤྱི་གཉེར་བ་དང་ལག་རྩལ་འགན་ཁུར་མི་སྣར་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་སྤེལ།

རིན་ཆེན་མཚོས་བསྒྱུར།