རང་ཞིང་གིས་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐོན་ཁུངས་ཀྱི་ཁྲིམས་འགལ་ཉེས་བཟོའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།
2023.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཆེད། 2023ལོའི་ཟླ་གསུམ་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ནས་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐོན་ཁུངས་ཀྱི་ཁྲིམས་འགལ་ཉེས་བཟོའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།

རང་ཞིང་ནི་ནགས་རྩྭ་བརླན་སའི་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པ་དང་། ནགས་ས་སྤྱི་ཆིང་ས་ཡ་བཞི་དང་འབུམ་དྲུག་དང་རྩྭ་ས་སྤྱི་ཆིང་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བཞི། བརླན་ས་སྤྱི་ཆིང་ས་ཡ་བདུན་དང་འབུམ་གཉིས་བཅས་ཡོད་ལ། ནགས་ཚལ་རྩྭ་ཐང་དང་བརླན་སས་རང་ཞིང་རྒྱལ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་གཅིག་ལྷག་ཟིན། ལོ་ངོ་མང་པོའི་རིང་ལ། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིན་བར་གྱི་མཉམ་ལས་ལ་ཤུགས་བསྣན་པ་དང་། ནགས་རྩྭ་བརླན་སའི་ཐོན་ཁུངས་ཀྱི་དོ་དམ་བྱེད་ཤུགས་ཆེར་བཏང་ལ། མཉམ་འབྲེལ་སྒོས་ཁྲིམས་གཅོད་འབྲེལ་མཐུད་མཉམ་ལས་འགན་སྲུང་རྐྱེན་སྲོལ་ཕྱིར་བཏོན་པ་དང་། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས། དུས་ཐོག་ཏུ་ནགས་རྩྭ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཡར་ཞུ་མཉམ་སྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གྱོད་གཞི་བརྒྱུད་སྐྱེལ་ལ་ཤུགས་བསྣན་ལ། གྱོད་གཞི་བསྒྲུབ་པར་ལ་དོ་སྣང་བྱས་ནས། བྱ་བའི་འབྲེལ་མཐུད་རྐྱེན་སྲོལ་བཟང་བོ་གྲུབ་པར་བྱས་པ་དང་། མཐུན་སྦྱོར་ངང་ནགས་རྩྭའི་སྲིད་འཛིན་ཁྲིམས་སྐྱོང་གནད་དོན་ཐག་གཅོད་པར་ཞིབ་འཇུག་བྱས་ཏེ། ནགས་རྩྭ་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ཆུ་ཚད་དང་གྱོད་གཞི་བརྒྱུད་སྐྱེལ་གྲུབ་འབྲས་ཇེ་མཐོར་བཏང་བ་དང་། ཁྲིམས་ལྟར་ནགས་ཚལ་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བ་སོགས་ཀྱི་ནགས་ཚལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རྩྭ་ཐང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧོང་མེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནགས་རྩྭ་སྡེ་ཁག་དང་སྤྱི་སྡེ་ལས་ཁུངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། རིགས་མི་འདྲ་བའི་ནགས་ཚལ་རྩྭ་ཐང་དང་བརླན་ས་སོགས་ནགས་རྩྭའི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་ཉེས་བྱས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ། ནགས་རྩྭ་དང་བརླན་སའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ནགས་རྩྭ་ཅུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐོན་ཁུངས་ཀྱི་ཁྲིམས་འགལ་ཉེས་བྱས་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དེའི་དམིགས་འབེན་ནི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་བརྒྱུད་དེ། ཁྲིམས་གཅོད་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། འཇིགས་སྣང་སྐྱེད་དེ། ནགས་རྩྭའི་ཐོན་ཁུངས་དོ་དམ་སྒྲིག་ལམ་གྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

ཐེངས་འདིའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཀྱིས་ཁྲིམས་དང་འགལ་བའི་སྒོ་ནས་ནགས་ས་སྒེར་འཛིན་བྱེད་པ་དང་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་བྱེད་པ་དང་ ཁྲིམས་དང་འགལ་བའི་སྒོ་ནས་རྩྭ་ས་སྒེར་འཛིན་བྱེད་པ་དང་རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བྱེད་པ། བརླན་ས་སྒེར་འཛིན་བྱེད་པ་དང་བརླན་སའི་ཐོན་ཁུངས་ལ་གཏོར་བརླག་བྱེད་པ་བཅས་ཕྱོགས་གསུམ་ལ་དམིགས་ནས་སྤེལ་རྒྱུ་རེད། ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཀྱི་སྤེལ་ཡུན་ལོ་གཅིག་རིང་ཡིན་ལ། གྲ་སྒྲིག་དང་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པ། ལྟ་སྐུལ་སྲ་བརྟན་བཅས་དུས་རིམ་གསུམ་ལ་བགོས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ཟླ་བཅུ་གཉིས་པར་མཇུག་བསྡུ་རྒྱུ་རེད།

                                                                                                    རིན་ཆེན་མཚོས་བསྒྱུར།