《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་ཆ་སྦྱིན་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།
2023.04.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 49

མི་རིགས་དཔེ་སྐྲུན་ཁང་གིས་རང་ཞིང་ལཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བཔོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་ཆ་སྦྱིན་པའི་མཛད་སྒོ་ཟི་ལིང་དུ་བསྡུས། པར་འདི་ནི་མཛད་སྒོར་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་རྣམ་པ་རེད། 

མི་རིགས་དཔེ་སྐྲུན་ཁང་གིས་རང་ཞིང་ལཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བཔོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་ཆ་སྦྱིན་པའི་མཛད་སྒོ་ཟི་ལིང་དུ་བསྡུས། པར་འདི་ནི་དཔེ་སྦྱིན་ཐོབ་པའི་ལས་ཁུངས་ཀྱི་འཐུས་མིས་དཔེ་ཆ་ལེན་བཞིན་པའི་རྣམ་པ་རེད།

མི་རིགས་དཔེ་སྐྲུན་ཁང་གིས་རང་ཞིང་ལཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བཔོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་ཆ་སྦྱིན་པའི་མཛད་སྒོ་ཟི་ལིང་དུ་བསྡུས། པར་འདི་ནི་ཚོགས་རའི་ཟུར་ཞིག་རེད། 

མི་རིགས་དཔེ་སྐྲུན་ཁང་གིས་རང་ཞིང་ལཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བཔོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་ཆ་སྦྱིན་པའི་མཛད་སྒོ་ཟླ་བཞི་བའི་ཚེས་བཞི་ཉིན་ཟི་ལིང་དུ་བསྡུས།

མི་རིགས་དཔེ་སྐྲུན་ཁང་གི་འགན་ཁུར་བས་བསྟན་དོན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མ་ནི་དབང་གྲགས་ཕུལ་དུ་བྱུང་བའི་གཙོ་འཛིན་གྱི་གསུང་རྩོམ་གྱི་ལོ་ཙཱའི་བརྩམས་ཆོས་ཤིག་ཡིན་ཞིང་། རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔར་ལས་ཡང་དག་ཅིང་ཕྱོགས་ཡོངས་ནས་དགོངས་པ་དེའི་དོན་སྙིང་གལ་ཆེན་དང་ཚན་རིག་མ་ལག ཕུན་སུམ་ཚོགས་པའི་ནང་དོན། བསམ་པའི་ངོ་བོ། ལག་ལེན་རེ་བ་བཅས་ལ་གོ་བ་བླངས་ནས་ཁོང་དུ་ཆུད་པར་བྱེད་པར་ཕན་ཐོགས་ཡོད་ཟེར།

ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་དཔེ་སྦྱིན་ཐོབ་པའི་ས་ཁུལ་དང་ལས་ཁུངས་ཀྱིས་ནན་ཏན་གྱིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་སློབ་སྦྱོང་དང་དྲིལ་སྒྲོག ཁྱབ་གདལ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུསས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མ་རྩོམ་ཀློག་པ་དང་མ་རྩོམ་སྦྱོང་བ། གཞུང་ལུགས་ལ་གོ་བ་ལོན་པ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པར་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཉེན་ཁའི་འགྲན་རྩོད་ཐག་གཅོད་དང་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བཞེངས་བྱེད་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།



བསོད་ནམས་ཚེ་རིང་དང་མི་ཕམ་མགོན་པོས།