ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཚེས་གསུམ་ཉིན་པེ་ཅིང་དུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལང་ལོང་གིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་བློ་རྩ་གཅིག་སྒྲིལ་བྱེད་པ། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། སྐྱོད་ལམ་གསར་བའི་སྟེང་དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་གྲུབ་འབྲས་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྔམ་བརྗིད་ལྡན་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་རེ་བར་གསལ་བཤད་ཟབ་མོ་བྱས་པ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་ཁུངས་ཏང་ཨུའི་ལས་བྱེད་པ་ཕིན་ཡུས་ཁྲའོ་ཡིས་བཤད་རྒྱུར། ང་ཚོས་བཀོད་སྒྲིག་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བརྗོད་དོན་སློབ་གསོའི་བྱ་བར་གྲ་སྒྲིག་ནན་མོ་བྱེད་པ་དང་། འགོ་ཚུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཚན་གཞི་མཐོ་བའི་སྒོ་ནས་འགོ་རྩོམ་པ། སྤུས་ཚད་མཐོ་བའི་ངང་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་ཀུན་སྤྱོད་ཇེ་ལེགས་དང་བློ་དཀར་བོ་བྱེད་པ། དངོས་གཉེར་ཁག་ཁུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་འབེན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་སྤྱི་གཞོལ་དང་དར་སྲོལ་གསར་བ་གྲུབ་པར་བྱེད་པ་བཅས་ཀྱི་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལན་ཧའེ་ལུང་གིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ང་ཚོ་ཏང་གི་ཆེས་གསར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་སེམས་ཤུགས་གཅིག་ཏུ་བསྒྲིལ་བ། སྔར་ལས་རང་རྟོགས་སྒོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས། གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་བརྗོད་དོན་སློབ་གསོའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་རྒྱས་ཡུལ་ཚོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཀའ་གནད་དང་ཞན་ཆར་བརྟག་བཤེར་ཞིབ་འཇུག་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་དབང་ཆེན་རྒྱལ་གྱིས་བཤད་རྒྱུར། ང་ཚོས་དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་བརྟན་དུ་གཏོང་བ། ལག་ལེན་ལ་དོ་སྣང་བྱེད་པ། བྱས་རྗེས་གསར་བ་འཇོག་པའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་དུ་དམིགས་པ། གཞུང་ལུགས་སློབ་སྦྱོང་གིས་འཕེལ་རྒྱས་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། སློབ་སྦྱོང་དང་རྟོག་ཞིབ་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་སྒྲིག་བྱས་པའི་ལས་འགན་སྣ་ཚོགས་ཁྲོད་དོན་འཁྱོལ་ནན་མོ་བྱས་ནས། བརྗོད་དོན་སློབ་གསོ་སྔར་ལས་དྲོད་ཁོལ་ལྡན་པ་དང་སྔར་ལས་གནད་ལ་འཁེལ་བ། སྔར་ལས་མཐོ་ཚད་ཡོད་པར་བྱེད་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཉི་ཧྲུན་ཞང་གིས་བཤད་རྒྱུར། རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པར་རྒྱུས་ལོན་གསལ་བོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་སློབ་སྦྱོང་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གདོང་ལེན་པ་དང་ཏང་གི་འཛུགས་སྐྲུན་སྣ་ཚོགས་ཀྱི་གྲལ་མགོ་དམག་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཞབས་ཞུ་བ་བྱེད་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཅི་ཏི་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་དུས་སྐབས་བཟང་བོར་འཁེལ་ཡོད་པ་དང་། དེ་ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་མངོན་སུམ་གྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན། ང་ཚོས་བསམ་བློ་དང་བྱ་སྤྱོད་ག་ཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་དང་བསམ་གཞིགས། བཀོལ་སྤྱོད་བཅས་འབྲེལ་མཐུད་བྱེད་པ་དང་། རྒྱུས་ལོན་དང་ཡིད་ཆེས། འགུལ་སྐྱོད་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་དངོས་ཀྱི་སྟེང་ནས་འགན་ཕྲག་ཏུ་ལེན་པ་དང་རྒྱུགས་ལེན་ཆེན་པོ་སྔོན་བསུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྩེ་ཁོག་ནས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧི་ཅིན་གྱིས་བཤད་རྒྱུར། གཞི་རིམ་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ། ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་བྱེད་ཕོད་པའི་ལས་བྱེད་པའི་ཆེད་དོན་རྟོག་ཞིབ་སྤེལ་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེའི་དབྱེ་ཞིབ་བརྡར་གཅོད་བཟང་བོ་བྱེད་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཇེ་མཐོར་གཏོང་བ། གནད་ལ་འཁེལ་བའི་སྒོ་ནས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་སྤེལ་ནས། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲིད་གྲུབ་པར་ལེན་ཐུབ་པར་བྱེད་དགོས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལེང་ཧྲིན་ཞང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་ནན་མོ་བྱེད་པ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཁོར་ཡུག་བཟང་བོ་བསྐྲུན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་རེ་བར་དམ་དུ་དམིགས་ནས། གུང་ཧོ་གཞོང་སའི་ཁུལ་ཁོངས་ཀྱི་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་སྐེད་གྲོང་རྡལ་འབྲི་ཆུ་ཁྲོམ་སྲང་གཞིས་ཁུལ་གྱི་ཧྲུའུ་ཅི་ངག་དབང་བསྟན་པས་བཤད་རྒྱུར། གཞི་རིམ་སྡོད་ཁུལ་གཡི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ང་རང་ཉིད་ཀྱིས་བརྗོད་དོན་སློབ་གསོ་དང་རང་འགན་བྱ་བ་བཟང་བོར་བསྒྲུབ་པ་གཉིས་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་བློ་སྦྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། སློབ་སྦྱོང་གི་གྲུབ་འབྲས་གཞུང་ལུགས་ཀྱི་དྲག་ཆས་དང་ལས་སྒོ་མཐོར་འདེགས་གཏོང་བ། བྱ་བའི་ལག་ལེན་སོགས་ཕྱོགས་སོ་སོ་ནས་མངོན་པར་བྱེད་པ། དཀའ་སྤྱད་འབད་བརྩོན་གྱི་བྱ་བའི་སྤྱོད་ཚུལ་ནམ་ཡང་སྲུང་འཛིན་བྱེད་པ། ནུས་པ་མཐོར་འདེགས་གཏོང་བ། འགན་འཁྲི་ལག་བསྟར་ནན་་མོ་བྱེད་པ། དཀའ་ཁག་ཁྱད་སེལ་བྱེད་པ། རང་ཉིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས། མི་དམངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུ་ཡིན།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧོང་ཁྲིན་གྱིས། རྩ་འཛུགས་སྡེ་ཁག་གི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སློབ་སྦྱོང་སློབ་གསོ་དང་བྱ་བ་སྣ་ཚོགས་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་བྱེད་པར་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་བྱེད་པར་བརྟེན་ནས་བློ་གྲོས་སྐྱེད་པ། སློབ་སྦྱོང་བྱེད་པར་བརྟེན་ནས་དར་སྲོལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་བྱེད་པར་བརྟེན་ནས་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་བཟང་བོ་ལེན་པར་འབད་བརྩོན་བྱེད་པ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་དམ་འཛིན་བྱེད་པ། ལས་རྐང་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་པ་བཅས་ཀྱི་ཐད་སྟོབས་ཤུགས་འདོན་པ་དང་མཆོང་བརྒལ་བརྩོན་ལེན་བྱས་ཏེ། ལོ་རྒྱུས་དང་མི་དམངས་བརྟག་དཔྱད་ཉམས་ལེན་བྱེད་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས་ཟེར།
ད་ལོར་དགོང་ལོ་གྱ་གཅིག་ཡིན་པའི་ན་གོར་མོ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་མུའུ་རིན་གྱིས་བཤད་རྒྱུར། ངས་འགོ་ཁྲིད་དེ་ཏང་ཡོན་རྒན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་རྒྱུ་ཡིན་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། དུས་རབས་གསར་བའི་ན་གཞོན་མི་སྣའི་མིག་དཔེ་རུ་བྱས་ཏེ། འབྱོར་ཕྱུག་མཛེས་སྡུག་གི་ན་གོར་མོ་འཛུགས་སྐྲུན་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འདོན་རྒྱུ་ཡིན།
རིན་ཆེན་མཚོས་བསྒྱུར།