དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་སྐབས་བརྒྱད་པ་ཐོན་ལ་ཉེ་བའི་སྐབས་སུ། ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་བཅའ་ཁྲིམས་ལས་ཁུངས་སུ་བསྐྱོད་པའི་བྱ་བའི་རེ་བ་ལྟར། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དང་བྱང་ཚད་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཀྱི་རྣམ་པ་གསར་བར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འགན་སྲུང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བརྗོད་དོན་ལ་དམིགས་ནས། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་བྱ་འགུལ་རྒྱ་ཆེར་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་རང་སྟེང་གི་ལས་སྒོར་ཟུང་འབྲེལ་བྱས་པ་དང་། ཆེད་དོན་སློབ་སྦྱོང་སྤེལ་བ་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གསོ་རྟེན་གཞི་ལ་ལྟ་སྐོར་བྱེད་པ། དྲིལ་སྒྲོག་ཡིག་ཆ་འགྲེམས་པ། འཕྲེད་འགེལ་སྦྱར་ཚིག་འགེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་སྣང་ཚུལ་སྟུག་པོ་བསྐྲུན་ལ། བདེ་འཇགས་ཆེན་པོའི་འདུ་ཤེས་མི་སེམས་སུ་ཐིམ་པ་དང་རྩ་བ་ཚུགས་པར་བྱས་ཏེ། ལས་ཁུངས་ཀྱི་ལས་བྱེད་པའི་རྒྱལ་ཁབ་བདེ་འཇགས་འགོག་སྲུང་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་བཏང་།
རིན་ཆེན་མཚོས་བསྒྱུར།