རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པ་དང་། རང་ཞིང་གི་གནས་སྐོར་ལས་རིགས་སླར་གསོ་བྱེད་པ། རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གནས་སྐོར་དུས་ཚིགས་ཀྱི་གྲ་སྒྲིག་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཟླ་བཞི་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་གནས་སྐོར་དུས་ཚིགས་སྐབས་ཀྱི་ཁོར་ཡུག་བཅོས་སྐྱོང་ཆེན་མོ་དང་ཞབས་ཞུའི་མཐོར་འདེགས་ཆེན་མོའི་ཆེད་དོན་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་འགུལ་སྐྱོད་ཀྱིས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས། འགན་འཁྲིའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་གནས་སྐོར་དུས་ཚིགས་གལ་ཆེན་བསུ་བར་གྲ་སྒྲིག་བྱས་ལ། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། རྨང་གཞི་ཇེ་བརྟན་དུ་གཏོང་བ། དགེ་མཚན་དར་སྤེལ་གཏོང་བའི་ཐད་ཤུགས་བཏོན་པ་དང་། བཟའ་བཏུང་དང་སྡོད་ས། གནས་སྐོར། ཕྱིར་བགྲོད། ཉོ་ཚོང་། རོལ་རྩེད། སྨན་བཅོས་བཅས་རྒྱུ་རྐྱེན་ཡོངས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱས་ལ། རང་ཞིང་གི་གནས་སྐོར་ལས་རིགས་ཀྱི་ཞབས་ཞུའི་རྒྱུ་སྤུས་དང་ཞབས་ཞུའི་ཚད་གཞི་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། རབ་མཛེས་མཚོ་སྔོན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ། ཀྲུང་ཧྭའི་ཆུ་མཛོད། སྐྱེ་ཁམས་གནས་སྐོར་བཅས་ཀྱི་ཚོང་རྟགས་མིང་གྲགས་ཅན་གྱི་ཤན་ཤུགས་མཐོར་འདེགས་བཏང་། འགུལ་སྐྱོད་དེ་སྐུལ་སློང་བཀོད་སྒྲིག་དང་མཐིལ་རྟོགས་བཅོས་སྐྱོང་། དག་ཐེར་ཞིབ་དཔྱད། སྲ་བརྟན་མཐོར་འདེགས། ཉམས་མྱོང་སྤྱི་སྡོམ་བཅས་དུས་རིམ་ལྔ་རུ་བགོས་ཡོད་པ་དང་། ལོ་ཧྲིལ་བོར་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། ཡུན་ཕན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་།
ཆེད་དོན་འགུལ་སྐྱོད་ཀྱིས་ས་གནས་དང་སྡེ་ཁག་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་རིགས་མི་འདྲ་བའི་གནད་དོན་སྣ་ཚོགས་དང་ཞན་ཆ་རྟོག་སེལ་བྱས་ལ། འབུར་ཐོན་གནད་དོན་ཐག་བཅད་པ་དང། ཕྱོགས་ཡོངས་ནས་གྲ་སྒྲིག་དང་ཕྱོགས་ཡོངས་ནས་བསུ་མ་བྱས་ཏེ། བདེ་འཇགས་ཀྱི་ཁོར་ཡུག་དང་ཚོང་རའི་ཁོར་ཡུག དག་གཙང་གི་ཁོར་ཡུག བདེ་སྐྱོང་ཁོར་ཡུག བཟའ་བཏུང་ཁོར་ཡུག ཞག་སྡོད་ཁོར་ཡུག འགྲིམ་འགྲུལ་ཁོར་ཡུག ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག ཉོ་ཚོང་ཁོར་ཡུག རྩོད་འཇོ་ཁོར་ཡུག་བཅས་ཀྱི་བཅོས་སྐྱོང་ཆེན་མོ་བཅུའི་འགུལ་སྐྱོད་དང་གནས་སྐོར་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་སྐུལ་སྤེལ་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་མཉམ་བསྲས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྐུལ་སྤེལ་ཞབས་ཞུ་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་ཐོན་རྫས་ཀྱི་མཁོ་འདོན་སྐུལ་སྤེལ་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འགན་སྲུང་རྐྱེན་སྲོལ་གྱི་སྐུལ་སྤེལ་ཞབས་ཞུ་འཐུས་ཚངདུ་གཏོང་བའི་མཐོར་འདེགས་ཆེན་པོ་བཞིའི་འགུལ་སྐྱོད་སྤེལ་བ་དང་། ཐོན་ཁུངས་ཀྱི་དགེ་མཚན་འབུར་དུ་ཐོན་པར་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱེད་པ། མཉམ་བསྲེས་ཀྱི་རྩོམ་ཡིག་འབྲི་བ་གཙོ་གནད་དུ་བྱས་ལ། དགོས་མཁོའི་ཕྱོགས་ལ་དམིགས་པ་དང་འདོན་སྤྲོད་ཕྱོགས་ལ་ཤུགས་འདོན་པ། འགན་སྲུང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཁོངས་ཡོངས་དང་དུས་ཚིགས་ཡོངས། དུས་ཚོད་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་སུ་བཏང་ནས། སྐུ་མགྲོན་གྱི་སྣ་ཅང་ཅན་གྱི་དགོས་མཁོ་སྐོང་བར་འགན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།