རྨ་ལྷོ་ཁུལ་གྱིས་ཆུ་བེད་བཟོ་སྐྲུན་གཙོ་བོའི་ལས་གཞི་དང་ཐུན་རིན་གྲོང་ཁྱེར་གླང་རྒྱའི་ཆུ་མཛོད་ཀྱི་ཆུ་རྐའི་བཟོ་སྐྲུན་གཅིག་བསྡུས་སྒོས་ལས་མགོ་བརྩམས།
2023.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བཞི་པའི་ཚེས་བཅུ་ཉིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆུ་བེད་བཟོ་སྐྲུན་གཙོ་བོའི་ལས་གཞི་དང་ཐུན་རིན་གྲོང་ཁྱེར་གླང་རྒྱའི་ཆུ་མཛོད་ཀྱི་ཆུ་རྐའི་བཟོ་སྐྲུན་གཅིག་བསྡུས་སྒོས་ལས་མགོ་བརྩམས།

ཉིན་དེར་རྨ་ལྷོ་ཁུལ་གྱིས་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས་པའི་ལས་གཞི་བརྒྱད་ཡོད་པ་དང་། དེ་ཆུ་ལོག་འགོག་པའི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དང་ཆུ་མཛོད་ཀྱི་ཆུ་རྐ་སྒྲིག་ཆས་བཟོ་སྐྲུན། བཞུར་རྒྱུན་ཆུང་བའི་ཆུ་དང་ཞིང་ས་སྲུང་སྐྱོབ་བཅོས་སྐྱོང་བཟོ་སྐྲུན། ཆུ་བོ་འབྲིང་ཆུང་གི་བཅོས་སྐྱོང་བཟོ་སྐྲུན་སོགས་དང་འབྲེལ་བ་ཡོད་ལ། དེའི་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་བདུན་གཏོང་བཞིན་ཡོད་པ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་གཏོང་བའི་འཆར་གཞི་ཡོད། དེའི་ནང་དུ་གསར་དུ་ལས་མགོ་རྩོམ་པའི་ལས་གཞི་བཞི་ཡོད་ལ། དེའི་ཐད་བསྡོམས་པས་མ་དངུལ་དུང་ཕྱུར་གཉིས་དང་ས་ཡ་ལྔ་གཏོང་བ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་གཏོང་བའི་འཆར་གཞི་ཡོད། བསྐྱར་ལས་ལས་གཞི་བཞི་ཡོད་ལ། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བརྒྱད་ས་ཡ་གཉིས་གཏོང་བ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་གཏོང་བའི་འཆར་གཞི་ཡོད།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།