རང་ཞིང་གི་བཟོ་ལས་ཁྱབ་ཁོངས་ཀྱི་དཔྱིད་རླུང་འགུལ་སྐྱོད་ལག་བསྟར་བྱས་ཏེ་གྲུབ་འབྲས་བླངས།
2023.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་བཀོད་གཏོང་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བཟོ་ལས་ཁྱབ་ཁོངས་དང་ཁེ་ལས་ཀྱི་ཉེན་ཚབས་དཀའ་སྡུག་གི་གནད་དོན་གཅིག་བསྡུས་བྱས་ཏེ་གཅིག་འདོམས་མཐུན་སྦྱོར་མཛུབ་སྟོན་ལ་ཤུགས་སྣོན་དང་སྲིད་ཇུས་ལག་བསྟར་ལ་ཤུགས་བཏོན་ནས། བཟོ་ལས་ཁྱབ་ཁོངས་ཀྱི་དཔྱིད་རླུང་འགུལ་སྐྱོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།

ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བཟོ་ལས་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་མཉམ་ཤུགས་འདོན་ཆེད།  མཚོ་སྔོན་ཞིང་ཆེན་བཟོ་ལས་ཁྱབ་ཁོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ལག་བསྟར་ཇུས་གཞི་གཏན་འབེབས་པར་སྐྲུན་བྱས་པ་དང་བཟོ་ལས་ཁེ་ལས་གཙོ་བོ་ཉིས་བརྒྱ་རེ་དྲུག་དང་ལས་གཞི་གལ་ཆེན་ལྔ་བཅུར་ཞབས་ཞུ་བྱེད་པར་འགན་ལེན་བྱས། ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ནས་ཞིང་ཆེན་ཐད་གཏོགས་ལུས་ཁུངས་བཅུ་ལ་འགན་འཁྲི་ཁག་བགོས་ལྟར། བཟོ་ལས་ཁྱབ་ཁོངས་ཀྱི་ཁེ་ལས་དཔྱ་ཁྲལ་མེད་པར་བཟོ་བ་དང་དངུལ་རྩའི་རོགས་སྐྱོར་བྱེད་པ། ནོར་སྲིད་ཐད་ཀྱི་བྱ་དགའི་མ་དངུལ་ཁ་གསབ་བྱེད་པ། ཞབས་ཞུ་སྤུས་ལེགས་ཅན་ཏུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།  གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་རང་ས་ཁུལ་གྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཆེད་དོན་འགུལ་སྐྱོད་བྱེད་ཐབས་ལག་བསྟར་བྱེད་པར་མཛུབ་སྟོན་བྱས།  ས་ཁུལ་གཙོ་བོའི་འགན་ལེན་མཉམ་འབྲེལ་འོས་འགན་ལ་སྐུལ་འདེད་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ས་ཁུལ་འགན་ལེན་མཉམ་འབྲེལ་བྱ་བའི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱས། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དང་མཁར་བྱང་ཁུལ། ནན་ཁྲོན་བཟོ་ལས་གླིང་ཁུལ། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་སོགས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མཉམ་འབྲེལ་འགན་ལེན་བྱེད་སའི་བྱ་བ་ཏན་ཏིག་གིས་སྒྲུབ་པར་རྒྱབ་སྐྱོར་གང་ལེགས་བྱས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཀོད་གཏོང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་བྱ་བའི་བྱེད་ཐབས་ཆེད་དུ་གཏན་འབེབས་བྱས། གཅིག་ཅན་དགུའི་བྱེད་ཐབས་བརྒྱུད་དེ་དོན་དངོས་ཀྱི་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་ཞིབ་འཇུག་བྱས།

                                                                                      རིག་འཛིན་ཐར་གྱིས་བསྒྱུར།