མཚོ་སྔོན་གྱིས་དུས་ཚིགས་དང་པོར་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་བཏང་ནས་དགེ་སྒྲུབ་སྤྱི་ཕན་ལས་གཞི་ལག་བསྟར་བྱས།
2023.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དགེ་སྒྲུབ་རྩ་འཛུགས་ཀྱིས་རོལ་དབྱངས་ས་བོན་ཞེས་པ། ཁང་ཁང་སྤྱི་ཕན་འཛིན་གྲྭ་ཞེས་པ། དཔྱིད་ཀྱི་གང་བུའི་འཆར་གཞི་ཞེས་པ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་གཟིགས་སྐྱོང་རོགས་སྐྱོར་སོགས་དགེ་སྒྲུབ་སྤྱི་ཕན་ལས་གཞི་གཏིང་ཟབ་ཏུ་སྤེལ་ནས། དཀའ་ཁག་ཅན་གྱི་མི་ཚོགས་ལ་རོགས་སྐྱོར་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། བྱིས་པའི་ཕན་བདེ། རྒན་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་བཏང་།

ད་ལོར། རང་ཞིང་གི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དགེ་སྒྲུབ་ཀྱི་ཐེངས་གསུམ་པའི་བགོ་བཤའ་ནུས་པ་འདོན་སྤེལ་བྱས་པ་དང་། དགེ་སྒྲུབ་གཙོ་གཞི་སྐྱེད་སྲིང་བྱས་པ་དང་འཕེལ་རྒྱས་སུ་བཏང་ལ། དགེ་སྒྲུབ་ཀྱི་སྟོབས་ཤུགས་ཆེར་བསྐྱེད་པ་དང་། དགེ་སྒྲུབ་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་དགེ་སྒྲུབ་ཀྱི་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་ཐད་ནས་ཤུགས་བཏོན་པ་དང་ཕན་འབྲས་བརྩོན་ལེན་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་བསྒྱུར་བའི་ལེའུ་གསར་བ་འབྲི་བའི་ཐད་བྱས་རྗེས་གལ་ཆེན་བཞག

དེའི་ཁྲོད། མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲིད་གཅིག་བཏང་ནས་གཞི་རིམ་ལ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་དགུ་གྲབས་གསོག་བྱས་ནས་ལྷན་སྐྱེས་སྙིང་ནད་བྱུང་བའི་བྱིས་པ་སུམ་བརྒྱ་དང་གྱ་བཞི་ལ་རོགས་བྱས་ཤིང་། རིམས་འགོག་དང་བླངས་པ་བརྒྱ་ལ་འཚོ་བའི་ཁ་གསབ་དངུལ་སྒོར་འབུམ་གཉིས་བྱིན་པ་དང་། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་མ་དངུལ་སྒོར་འབུམ་བཞི་དང་ཁྲི་དྲུག་གྲབས་གསོག་བྱས་ནས་དཀའ་ཁག་ཡོད་པའི་སློབ་མ་དོན་དྲུག་ལ་རོགས་བྱས་པ་དང་། དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་བརྒྱ་དང་གྱ་བཞི་ལ་ཁ་གསབ་དངུལ་སྒོར་འབུམ་བདུན་དང་ཁྲི་བཞི་བྱིན། མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་ཐེབས་རྩ་ཚོགས་པས་དཀའ་ཁག་ཡོད་པའི་སློབ་མ་བརྒྱ་དང་བཞི་བཅུ་ལ་རོགས་བྱས། མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྤྱི་ཕན་ནགས་ཚལ་དང་ཨ་ཆེན་གངས་རྒྱབ་ཀྱི་གློག་འདོན་སྒྱུར་བཀོད། རྩྭ་ས་སླར་གསོ་སོགས་ལས་གཞི་སྤེལ་བ་དང་། མཚོ་སྔོན་གཉན་པོ་གཡུ་རྩེ་དགེ་སྒྲུབ་ཐེབས་རྩ་ཚོགས་པས་མཐོ་སྒང་གི་དགེ་རྒན་བརྒྱ་དང་གཅིག་ལ་འཚོ་བའི་ཁ་གསབ་དངུལ་སྒོར་འབུམ་བཞི་དང་ཁྲི་ལྔ་བྱིན།

རང་ཞིང་གི་དམངས་སྲིད་སྡེ་ཁག་གིས་དགེ་སྒྲུབ་ལམ་ལུགས་དང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དགེ་སྒྲུབ་ཆུང་བ་ནས་དགེ་སྒྲུབ་ཆེ་བ་རུ་བསྒྱུར་བ་དང་། སྲོལ་རྒྱུན་གྱི་དགེ་སྒྲུབ་ནས་དེང་རབས་ཀྱི་དགེ་སྒྲུབ་ཏུ་བསྒྱུར་བ། འཚོ་སྡོད་རང་བཞིན་གྱི་དགེ་སྒྲུབ་ནས་འཕེལ་རྒྱས་རང་བཞིན་གྱི་དགེ་སྒྲུབ་ཏུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།