ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2023ལོའི་ཡུལ་སྐོར་ངོ་སྤྲོད་བྱ་འགུལ་རྨ་ཆུའི་འགྲམ་གྱི་ཀ་དག་གཞིས་ཀ་རུ་བསྡུས། མཚོ་སྔོན་དང་ཀན་སུའུ་ནས་ཡོང་བའི་ཡུལ་སྐོར་ཁང་གོ་བདུན་གྱི་འཐུས་ཚབ་མི་སྣ་ཐེངས་འདིའི་བྱ་འགུལ་ལ་ཞུགས།
གཅན་ཚ་རྫོང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་དེའི་ད་ལོར་དམངས་ཁྲོད་མགྲོན་ཁང་གི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་མཉེན་ཆས་ཀྱི་རྒྱུ་རྐྱེན་གཙོ་བོ་གཉིས་ཟུང་འབྲེལ་བྱེད་པ་གཙོར་བཟུང་བ་མ་ཟད། རིགས་མི་འདྲ་བའི་ཁྱད་ལྡན་བྱ་འགུལ་སྣ་ཚོགས་ལ་རྒྱབ་རྟེན་ནས། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ལས་རིགས་བར་དང་སྟེགས་བུ་སོ་སོའི་བར་གྱི་སྦྲེལ་མཐུད་མཉམ་ལས་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུས་གཅན་ཚ་རྫོང་གི་ཁོངས་ཡོངས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དམངས་ཁྲོད་མགྲོན་ཁང་གི་རྫོང་དང་པོའི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།