སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ཏང་དོན་བྱ་བ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུགཏོང་ཆེད། ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཞུང་སྒྲུབ་བྱས་ཤིང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་སྒྲུབ་འགན་ཁུར་བའི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་བྱེད་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཞཱ་མིན་སློབ་ཆེན་ནས་འཚོགས་མགོ་བརྩམས།
ཐེངས་འདིའི་གསོ་སྦྱོང་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཟུང་ཞིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་དག་གི་ལས་འགན་ལག་བསྟར་གྱི་དགོས་མཁོ་གཙོར་བཟུང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་མཐོར་འདེགས་བྱེད་པར་དམིགས་ནས། ཏང་ཀྲི་པུའུ་ཧྲུའུ་ཅིའི་གཞུང་ལུགས་ཆུ་ཚད་དང་ཏང་གཤིས་བློ་སྦྱོང་། བྱེད་སྒོའི་ཆུ་ཚད་བཅས་མཐོར་འདེགས་བྱེད་པ་དང་། ཕྱོགས་བསྡུས་ཀྱིས་ཆེད་དོན་ཟུར་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྗེ་རེས་གྲོས་སྡུར་སོགས་ཀྱི་རྣམ་པ་མང་བོ་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མིག་སྔའི་གནས་བབ་དང་སྲིད་ཇུས། དེ་མིན་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ་སོགས་ནང་དོན་ཐད་ནས་གསོ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་གི་བྱ་བ་ཡོད་ཚད་ནས་ཀྲི་པུའུ་བར་གྱི་ཁ་ཕྱོགས་གསལ་བོ་བརྟན་པོར་ཆགས་སུ་འཇུག་པ་དང་། རིམ་པ་སོ་སོའི་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ལག་བསྟར་ནུས་པ་དང་ཏང་ཀྲི་པུའུ་ཡི་བྱ་བའི་ཚད་ལྡན་ཆུ་ཚད་མཐོར་འདེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་ཞིབ་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
ཚང་མས་ལང་ལོས་སྒོས་བསྟན་དོན། ཐེངངས་འདིའི་གསོ་སྦྱོང་གོ་སྐབས་ལ་གཅེས་སྤྲས་གང་ལེགས་བྱེད་པ་དང་། སློབ་མའི་འདུ་ཤེས་ཆགས་པར་བྱེད་དགོས་ལ། གསོ་སྦྱོང་དང་སྤྱོད་གཙང་རང་གཅུན་གྱི་གཏན་འཁེལ་སྣ་ཚོགས་བརྩི་སྲུང་ནན་མོ་བྱས་ནས། སེམས་རྣལ་དུ་ཕབ་ནས་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཧུར་ཐག་སྒོས་གཞུང་ལུགས་སྲིད་ཇུས་དང་བྱེད་སྒོའི་ཤེས་བྱ་དེ་བྱ་བ་བཟང་བོར་སྒྲུབ་པའི་དོན་དངོས་ནུས་པར་བསྒྱུར་ཏེ་ཏང་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།