རང་ཞིང་གིས་འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།
2023.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། སའི་གོ་ལའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་གཅེས་སྤྲས་བྱེད་པ་བརྗོད་སྙིང་དུ་བྱས་པའི་མཚོ་སྔོན་གྱི་འཛམ་གླིང་སའི་གོ་ལའི་ཉིན་མོ་སྐབས་ང་བཞི་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་བསྡུ་འགོ་བརྩམས། དེའི་དམིགས་འབེན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་བརྒྱུད་དེ། སྤྱི་ཚོགས་ཡོངས་སུ་རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་ཐཱན་དམའ་ཡི་འཚོ་བ་རོལ་སྟངས་ལག་བསྟར་བྱེད་པར་སྐུལ་སློང་གཏོང་རྒྱུ་དེ་རེད།

ཉིན་དེར། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་མ་ལག་གི་ལས་བྱེད་པ་དང་ལས་བཟོ་བས་འགྲེམ་སྟོན་པང་ལེབ་དང་དྲིལ་སྒྲོག་ཡིག་ཆ་འགྲེམ་པ། བརྗོད་དོན་དྲིལ་སྒྲོག་ཁྱབ་བརྡ། བརྙན་རིས་ཐུང་བ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་རྣམ་པ་མང་པོ་བརྒྱུད་དེ་དྲིལ་སྒྲོག་བྱ་འགུལ་སྤེལ།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ནི་སྤྱི་ཚོགས་ཡོངས་སུ་རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ་དང་། མང་ཚོགས་ཡོངས་ཀྱིས་ཐོན་ཁུངས་གྲོན་ཆུང་བྱེད་པ་དང་སའི་གོ་ལར་སྲུང་སྐྱོབ་བྱེད་པའི་ལྗང་མདོག་བྱ་སྤྱོད་ལག་བསྟར་བྱེད་པའི་བརྒྱུད་སྒྲོག་གི་སྟེགས་བུ་གལ་ཆེན་ཡིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་ཐད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཞིང་ཆེན་གྱི་གནས་ཚུལ་དང་ཞིང་ཆེན་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་བརྒྱུད་དེ། རང་བྱུང་ཐོན་ཁུངས་ཀྱི་འདུ་ཤེས་གསར་བ་དང་བྱེད་ཐབས་གསར་བ། ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་སའི་གོ་ལར་གཅེས་སྤྲས་བྱེད་པར་སྣེ་ཁྲིད་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཟབ་ཞུགས་བྱེད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་གཟའ་འཁོར་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཚན་རྩལ་ཁྱབ་གདལ་དང་འགྲེལ་བཤད་འགྲན་བསྡུར་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་འགྲེལ་བཤེར་དང་སློབ་སྦྱོང་བརྗེ་རེས་སྟེགས་བུ་འཛུགས་པ། རྒྱ་ཆེའི་ཚན་རྩལ་ཁྱབ་གདལ་བྱ་བ་སྒྲུབ་མཁན་གྱིས་ཤེས་བྱ་སྦྱོང་བ་དང་རྩལ་ནུས་སྦྱོང་བའི་སྤྲོ་སེམས་ཆེར་སྐྱེད་དེ། ཚན་རིག་གི་བསམ་བློ་བརྒྱུད་སྒྲོག་བྱེད་པ་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རིག་གི་བྱེད་ཐབས་དར་སྤེལ་གཏོང་བ། ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུ་རེད། ཚན་རྩལ་ཁྱབ་གདལ་ཤེས་བྱ་སློབ་ར་དང་ཞིང་སྡེ། སྡོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། རང་བྱུང་ཐོན་ཁུངས་ཐིན་གྱི་གཏན་ཁེལ་རོགས་སྐྱོར་སྡེ་བ་དང་བཅའ་སྡོད་ས་ཆའི་གཞིས་ཁུལ་སོགས་ལ་མཉམ་འབྲེལ་བྱས་ནས། རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་ལག་བསྟར་བྱེད་པའི་འགན་འཁྲི་གཉིས་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། སའི་གོ་ལར་གཅེས་སྤྲས་བྱེད་པ་དང་། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་ཤེས་བྱ་དང་འདུ་ཤེས་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ། རང་བྱུང་ཐོན་ཁུངས་ཐིན་མ་ལག་གི་ལས་བྱེད་པའི་ཁྲོད་སའི་གོ་ལའི་ཉིན་མོའི་དྲ་ཐོག་བྱ་དགའི་རྒྱུགས་ལེན་བྱ་འགུལ་སྤེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།