ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧུར་ཐག་སྒོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་ཀྱིས་རང་འདེམ་བྱེད་པ་དང་ས་གནས་ཀྱིས་མཚམས་སྦྱོར་བྱེད་པ། ཆེད་མཁས་པས་ཡུལ་དངོས་ནས་དཔྱད་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ། ཁྲི་ཀ་རྫོང་མི་དམངས་སྨན་ཁང་། མཚོ་སྔོན་ཕན་བདེ་དགེ་སྒྲུབ་སྨན་ཁང་བཅས་སྨན་བཅོས་ལས་ཁུངས་དྲུག་མཚོ་སྔོན་ཞིང་ཆེན་ལོ་ལོན་མཛའ་བཤེས་འཆམ་མཐུན་སྨན་བཅོས་ལས་ཁུངས་ཀྱི་དཔེ་སྟོན་བྱེད་སར་གཏན་འཁེལ་བྱས།
ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལོན་མཛའ་བཤེས་འཆམ་མཐུན་སྨན་བཅོས་ལས་ཁུངས་འཛུགས་པ་གོ་སྐབས་སུ་བཟུང་སྟེ། ཧུར་ཐག་སྒོས་རྩ་འཛུགས་བྱས་ཏེ་གསར་སྐྲུན་བྱེད་པ་དང་། ལོ་ལོན་གྱི་སྨན་བཅོས་ཞབས་ཞུ་དང་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། ལོ་ལོན་རྣམས་ལ་རིམ་པ་མང་ཞིང་སྣ་ཁ་མང་པ་དང་རྒྱུན་མཐུད་རང་བཞིན་གྱི་ལོ་ལོན་གྱི་བདེ་འཇགས་ཞབས་ཞུ་འདོན་སྤྲོད་བྱས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་མཛའ་བཤེས་འཆམ་མཐུན་སྨན་བཅོས་ལས་ཁུངས་གསར་སྐྲུན་བྱས་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་ཉེར་གཅིག་ལ་སླེབས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་རིམ་པ་གཉིས་དང་དེའི་ཡན་གྱི་སྨན་བཅོས་ལས་ཁུངས་ལོ་ལོན་མཛའ་བཤེས་འཆམ་མཐུན་སྨན་བཅོས་ལས་ཁུངས་སུ་འགྱུར་བའི་དམིགས་འབེན་དང་ལས་འགན་ལྷག་འགྲུབ་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།