ཨ་ཧྥེ་རི་ཁ་གླིང་གི་ཕག་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་འགོག་སདཽམ་་རྒྱུན་མཐུད་ཤུགས་སྣོན་དང་མི་དང་སྲོག་ཆགས་གཉིས་ཀར་འགོ་བའི་རིམས་ནད་ཀྱི་འགོ་ཁུངས་ལ་ཚོད་འཛིན་གང་ལེགས་བྱ་ཆེད། དཔྱིད་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གནད་སའི་ས་ཁོངས་འབུར་ཐོན་དང་རིམས་ནད་སྔོན་འགོག་སྲ་བརྟན་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། དཔྱིད་དུས་སྲོག་ཆགས་རིམས་ནད་སྔོན་འགོག་གི་བྱ་བ་ནན་ཏན་གྱིས་སྤེལ་བ་དང་བྱ་བ་ཁག་སོ་སོ་གོ་རིམ་ལྡན་པར་སྤེལ། མིག་སྔར། ཞིང་ཆེན་ཡོངས་སུ་ས་ཁུལ་རང་བཞིན་གྱི་སྲོག་ཆགས་རིམས་ནད་གཅིག་ཀྱང་བྱུང་མེད།
དཔྱིད་དུས་སྲོག་ཆགས་རིམས་འགོག་བྱ་བ་ཟླ་བཞི་པའི་ཟླ་སྟོད་དུ་སྤེལ་མགོ་བརྩམས་པ་དང་། ཟླ་ལྔ་པའི་ཟླ་སྟོད་དུ་ཡོངས་འགྲུབ་བྱས། མིག་སྔར་སྡོམ་རྩིས་བྱས་ན་དུག་སེལ་དངོས་རྫས་ཏུན་དགུ་དང་གྲངས་ཆུང་གསུམ་དང་། གསོ་སྤེལ་ཁོར་ཡུག་རྨིད་ངོས་སྙོམས་གྲུ་བཞི་མ་ཉིས་བརྒྱ་དགུ་བཅུར་དུག་སེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་ཚན་རིག་གིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་རིམས་འགོག་ལྟ་སྐུལ་ཁག་བགོས་འགན་ལེན་བྱེད་པ། ཕྱུགས་ནད་སྨན་པས་གནས་ཡུལ་ལ་འགན་ལེན་དང་ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། ཕྱུགས་ནད་སྨན་པའི་ཆེད་ལས་ལག་རྩལ་མི་སྣ་སྟོང་གཅིག་བརྒྱ་དང་བརྒྱད་ཀྱིས་གནས་ཡུལ་དང་ཁྱིམ་ཚང་། སྡེ་བ་སྟོང་གཅིག་ལྔ་བརྒྱ་དང་བཞི་ལ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ། གནས་ཡུལ་དང་ཁྱིམ་ཚང་དུ་སོང་ནས་སྲོག་ཆགས་རིམས་ནད་སྔོན་འགོག་གི་དྲིལ་སྒྲོག་མཛུབ་སྟོན་བྱ་བ་སྤེལ།
རིག་འཛིན་ཐར་གྱིས་བསྒྱུར།