ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཆུ་བེད་ཐིན་གྱིས་མཉམ་འབྲེལ་སྒོས་རྨ་ཆུའི་མཚོ་སྔོན་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་བཀྲམ།
2023.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 96

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་། ཆུའི་སྲིད་འཛིན་ཁྲིམས་བསྟར་དང་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྨ་ཆུའི་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད། ཞིང་ཆེན་ཞིབ་དཔྱོད་ཁང་དང་། ཞིང་ཆེན་ཆུ་བེད་ཐིན་གྱིས་ཉེ་ལམ་མཉམ་འབྲེལ་སྒོས་རྨ་ཆུའི་མཚོ་སྔོན་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་ཆེད་དོན་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་ཞེས་པ་བཀྲམ།

ལག་བསྟར་ཇུས་གཞི་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུའི་བཅོས་སྐྱོང་བསམ་ཕྱོགས་ལག་བསྟར་བྱེད་པ་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆུའི་སྲིད་འཛིན་ཁྲིམས་བསྟར་གྱི་ཆུའི་ཐོན་ཁུངས་དོ་དམ་ཁྲོད་ཀྱི་ནུས་པ་དང་། ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་གི་ལྟ་སྐུལ་དང་རྒྱབ་སྐྱོར། ཁྲིམས་སྐྱོང་འགན་སྲུང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་པ། རྨ་ཆུའི་འབབ་ཡུལ་གྱི་ཁྲིམས་འགལ་ཆུ་ལེན་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། འབབ་ཡུལ་གྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་། སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་སྒྲིག་རིམ་བཅས་ཚད་ལྡན་དུ་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

ལག་བསྟར་ཇུས་གཞི་ལས། རྨ་ཆུའི་འབབ་ཡུལ་གྱི་ཉེན་ཚབས་ཆེ་ས་དང་ཤུགས་རྐྱེན་ངན་པ། ཁྲིམས་འགལ་ཆུ་ལེན་གནད་དོན་ལ་ཞིབ་བཤེར་བྱེད་དུ་མི་འཇོག་པ་སོགས་དམིགས་སུ་བཟུང་སྟེ། ཆུ་ལེན་ཆོག་འཐུས་ཞིབ་མཆན་དོ་དམ་དང་ཆུའི་སྲིད་འཛིན་ཁྲིམས་བསྟར་གྱི་སྦྲེལ་མཐུད་ཤུགས་དྲག་ཏུ་གཏོང་བ། ཆུའི་སྲིད་འཛིན་ཁྲིམས་བསྟར་དང་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་མཐུན་སྦྱོར་ཤུགས་དྲག་ཏུ་བཏང་ནས། གནད་དོན་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་བ་དང་། དོ་དམ་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྨ་ཆུའི་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་དོ་དམ་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་འབབ་ཡུལ་གྱི་ཆུ་ལེན་སྒྲིག་རིམ་མུ་མཐུད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

རྒྱུས་ལོན་པ་ལྟར་ན། ཆོག་མཆན་མ་བཀོད་པར་གང་འདོད་དུ་ཆུ་ལེན་པ་དང་། ཆུ་ལེན་རེ་ཞུའི་ཆོག་མཆན་ཡི་གེ་མེད་པར་ཆུ་ལེན་པ། ཆོག་མཆན་གྱི་ཆ་རྐྱེན་དང་འགལ་བ། ཆུ་ལེན་སྒྲིག་ཆས་གཏན་འབེབས་དང་འགལ་ནས་འཇོག་པ། སྐྱེ་ཁམས་ཆུ་བཀོལ་དོ་དམ་གྱི་བླང་བྱ་དང་མི་མཐུན་པ། ལྟ་སྐུལ་དོ་དམ་འགན་འཁྲི་ཁྲིམས་མཐུན་མིན་པ་སོགས་ཞིབ་བཤེར་བཅོས་སྐྱོང་བྱ་བའི་ནང་དོན་གཙོ་བོར་བཞག་ཡོད་ལ། ཟླ་ལྔ་པ་ནས་ཟླ་བཅུ་གཉིས་པའི་བར་སྤེལ་རྒྱུ་རེད།

                                                                                         རིག་འཛིན་སྒྲོལ་མས་བསྒྱུར།