དབྱི་ཐ་ལི་སྨྱན་སྦྱོར་གྱིས་ཚེས་བརྒྱད་ཉིན་བསྒྲགས་རྒྱུར། དབྱི་ཐ་ལིའི་བྱང་ཕྱོགས་ཨེ་མི་ལིས་ཡ་ལོ་མ་ནེ་ཏ་ས་ཁུལ་དུ་ཉེ་ལམ་དྲག་ཆར་བབས་ཤིང་ཆུ་ལོག་རྒྱུགས་པ་དང་རི་ཉུལ་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་སུམ་རྐྱེན་ལམ་དུ་ཤོར་པ་དང་། མི་མང་པོ་གར་སོང་ཤུལ་མེད་དུ་གྱུར་ལ། མི་ཁྲི་སྟོང་མང་པོ་རང་རང་སར་སོང་།
བསྒྲགས་པ་ལྟར་ན། ཨེ་མེ་ལིས་ཡ་ལོ་མ་ནེ་ཏ་ས་ཁུལ་དུ་ཚེས་བཅུ་དྲུག་དང་བཅུ་བདུན་ཉིན་གཉིས་ལ་རེབ་ཐེངས་གསར་བའི་དྲག་ཆར་བབས་ནས། མཁར་གྲོང་ལ་ཤས་ལ་དུས་ཚོད་སོ་དྲུག་ནང་ཆར་ཆུ་འབབ་ཚད་ཧའོ་རྨི་ལྔ་བརྒྱའི་ཚད་དུ་སླེབས་པ་དང་། གཞིས་ཁུལ་དང་ས་ཞིང་མང་པོ་ཆུས་བསྣུབས། ཚེས་བཅོ་བརྒྱད་ཉིན་འབབ་མཚམས་བཞག
དབྱི་ཐ་ལི་དམངས་འགོག་སྡེ་ཁག་གིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་དུ་བཤད་རྒྱུར། ཚེས་བཅོ་བརྒྱད་ཀྱི་ཕྱི་དྲོའི་བར་དུ། དྲག་ཆར་གྱིས་འདམ་རྡོ་ཉིས་བརྒྱ་བརྒྱད་བཅུ་ལྷག་དང་། འཛིང་རགས་ཉི་ཤུ་ལྷག་ཆུས་འཁུར་དུ་བཅུག་པ་དང་། གཞུང་ལམ་ཉིས་བརྒྱ་ལྷག་གི་རྒྱུ་ལམ་བཀག་ཡོད་ཟེར། འབྲེལ་ཡོད་སྡེ་ཁག་གིས་ཚེས་བཅུ་དགུ་ཉིན་གནམ་གཤིས་ཉེན་ཟོན་གྱི་སྔོན་བརྡ་བཏང་ནས། ཨེ་མེ་ལི་ཡ་ལོ་མ་ཏ་ནེ་ཁུལ་གྱི་ས་ཁུལ་མང་ཆེ་ཤོས་དམར་ཐིག་དང་ངང་མདོག སེར་པོ་བཅས་ཀྱི་ཉེན་བརྡ་བཏང་།
དབྱི་ཐ་ལི་སྲིད་གཞུང་གིས་བསྒྲགས་པའི་གཞི་གྲངས་ལྟར་ན། གྲོང་ཁྱེར་དང་གྲོང་རྡལ་ཞེ་གཉིས་ལྷག་ལ་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པ་དང་། མི་ཁྲི་གཅིག་ལྷག་ཁ་ཐོར་དུ་སོང་པ་དང་། དེའི་ཁྲོད་མི་དགུ་སྟོང་དྲུག་བརྒྱ་ལྷག་ལུས་རྩལ་ཁང་གི་ནང་བཀོད་སྒྲིག་བྱས་ཡོད། ཨེ་མེ་ལིས་ཡ་ལོ་མ་ནེ་ཏ་ཁུལ་གྱི་ཀྲུའུ་ཞི་པོ་ན་ཆིས་ནིས་ཀྱིས་ཚེས་བཅོ་བརྒྱད་ཉིན་སྨྱན་སྦྱོར་ལ་བཤད་རྒྱུར། ཐེངས་འདིའི་གནོད་འཚེས་ཡོབ་སྒོར་དུང་ཕྱུར་བཅུའི་གྱོང་གུད་ཐེབས་ཡོད་ཟེར།