ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པ་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་བསྡུ་རྒྱུ་རེད།
2023.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་བར། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་བསྡུ་རྒྱུ་རེད།

སྐབས་འདིའི་སྐྱེ་ཁམས་འགྲེམ་ཚོགས་ཀྱིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་བརྗོད་དོན་དུ་བྱེད་པ་དང་། མཚོ་སྔོན་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱི་ལ་ཁ་ཕྱོགས་པའི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་གྲུབ་འབྲས་མཉམ་སྤྱོད་དཔེ་ལྟ་དང་སྐྱེ་ཁམས་ཐོན་རྫས་མཉམ་བསྲེས་འཕེལ་རྒྱས། སྐྱེ་ཁམས་ཐོན་རྫས་ཉོ་ཚོང་འཁོར་རྒྱུག སྐྱེ་ཁམས་རིན་ཐང་བསྒྱུར་བ་དང་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་དེ་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ས་ཆ་དང་སྐྱེ་ཁམས་ཐོན་ལས་འདུ་ཚོགས་ས་ཆ། སྐྱེ་ཁམས་ཐོན་རྫས་སྡུས་འགྲེམ་ས་ཆ་རུ་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐྱེ་ཁམས་འགྲེམ་ཚོགས་ཀྱི་འགྲེམ་སྟོན་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་གསུམ་ཡོད་པ་དང་། རྒྱལ་སྤྱི་རྒྱལ་ནང་འགྲེམ་སྟོན་ཁང་དང་བོད་ལུགས་ས་གདན་ཁང་གཉིས་བཙུགས་ཡོད་པར་མ་ཟད། ཐང་ཆེན་ནས་སྐྱེ་ཁམས་དོ་སྲུང་པའི་བརྙན་པར་བརྩམས་ཆོས་འགྲེམ་སྟོན་བྱེད་རྒྱུ་རེད། ཧྲན་ཏུང་ཞིང་ཆེན་དེ་བདག་མགྲོན་ཞིང་ཆེན་བྱས་ནས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་བརྗོད་དོན་ཁུལ་བྱས་ནས་གྲོས་ཚོགས་ལ་ཞུགས་རྒྱུ་རེད། འགྲེམ་ཚོགས་སྐབས་སུ། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་གཙོ་དམིགས་གླེང་སྟེགས་དང་། 2023ལོའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གླེང་སྟེགས། གློག་རྡུལ་ཚོང་དོན་ལྗང་མདོག་འཕེལ་རྒྱས་ཚོགས་ཆེན། ཚན་རྩལ་གསར་གཏོད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་གླེང་སྟེགས་བཅས་གླེང་སྟེགས་སྣ་བཞི་བསྡུ་རྒྱུ་ཡིན་པར་མ་ཟད། སོ་སོར་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་གྱི་བརྗོད་དོན་ཉིན་མོའི་ཆེད་དོན་བྱ་འགུལ་སྤེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།