གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དྲུག་ལྔ་ཁོར་ཡུག་ཉིན་མོའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།
2023.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་བཞི་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཏེ། དྲུག་ལྔ་ཁོར་ཡུག་ཉིན་མོའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དམིགས་བསལ་དྲིལ་སྒྲོག་བྱ་འགུལ་ཟི་ལིང་དུ་སྤེལ།

བྱ་འགུལ་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་དང་།  རྒྱ་ཆེའི་ན་གཞོན་ཚོར་སྣེ་ཁྲིད་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་ལེན་བྱེད་པ་དམིགས་སུ་བཟུང་སྟེ། ཤེས་བྱའི་དྲི་བ་དང་། རོལ་རྩེད། འགྲེམ་བྱང་མཚམས་སྦྱོར་སོགས་ཀྱི་བྱེད་ཐབས་སྤྱད་དེ། མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་། དེ་དང་མཉམ་དུ། ཡུལ་དངོས་སུ་གུང་གཞོན་ཚོགས་པའི་བཅའ་ཁྲིམས་ཁྱབ་གདལ་ན་གཞོན་དང་བླངས་ཞབས་ཞུའི་རུ་ཁག་བརྒྱད་ལ་དར་དམར་བྱིན་ནས། བཅའ་ཁྲིམས་དེ་སློབ་གྲྭ་དང་། ཁེ་ལས། གྲོང་སྡེ།  ན་གཞོན་སྤྱི་ཚོགས་རྩ་འཛུགས་བཅས་སུ་ཁྱབ་གདལ་གཏོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་ལག་ལེན་ནུས་པ་ཚད་ཆེས་ཆེ་བའི་སྒོ་ནས་ཇེ་མཐོར་བཏང་།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། མུ་མཐུད་དུ་ན་གཞོན་ལོ་ཆུང་རྩ་འཛུགས་བྱས་ཏེ་དྲ་ལམ་སློབ་སྦྱོང་དང་ཡུལ་དངོས་གསོ་སྦྱོང་གི་བྱེད་ཐབས་སྤྱད་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་བྱེད་དགོས། བཅའ་ཁྲིམས་གཞི་རིམ་ནས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སྔར་ལས་དྲིལ་སྒྲོག་དང་ཁྱབ་གདལ་བཟང་བོ་བྱེད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བརྗོད་དོན་ལག་ལེན་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། ན་གཞོན་ལོ་ཆུང་གིས་བྱ་འགུལ་ཁྲོད་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པར་སྣེ་ཁྲིད་དང་། ཚོགས་པ་སོ་སོས་གྲོས་འགོ་འདོན་པ་དང་མི་སྒེར་གྱིས་དམ་བཅའ་འཇོག་པའི་བྱེད་ཐབས་སྤྱད་ནས། ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་ཚང་མ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་མཁན་དང་། སྣེ་ཁྲིད་མཁན། ལག་ལེན་མཁན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།