རྩ་འཛུགས་པུའུ་ཀྲང་གི་བྱེད་ནུས་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས་མགོ་བརྩམས། 
2023.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དྲུག་པའི་ཚེས་ལྔ་ཉིན།  རྩ་འཛུགས་པུའུ་ཀྲང་གི་བྱེད་ནུས་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས་མགོ་བརྩམས།    ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་དང་པུའུ་ཀྲང་གཞོན་པ་སུམ་ཅུ་གསོ་སྦྱོང་ལ་ཞུགས།   ཐེངས་འདིའི་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།   ཆབ་སྲིད་སྦྱོང་བརྡར་དང་ཆེད་ལས་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ། གྲོང་ཁྱེར་དང་རྫོང་གི་རྩ་འཛུགས་པུའུ་ཀྲང་གིས་ཆབ་སྲིད་ནུས་པ་མཐོར་འདེགས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ་འགན་སྒྲུབ་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བཟང་བོ་བྱེད་པར་སློབ་སྦྱོང་ཁྲིད་སྟོན་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཚོགས་ཡུན་ཉིན་བཅུ་གཉིས་ཡིན་ལ།   གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱེད་པ།   འཆད་ཁྲིད་དང་ཚན་ཆུང་བགར་ནས་གྲོས་བསྡུར་བྱེད་པ་སོགས་སློབ་ཁྲིད་ཀྱི་རྣམ་པ་སྤྱད་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བགོས་འགན་ཁུར་བློ་མཐུན་གསུམ་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་མཚོ་སྔོན་གཞི་རིམ་ཏང་འཛུགས་ཀྱི་ལག་ལེན་གསར་པ་དང་ལས་འགན་གཙོ་བོ་ཞེས་པ་དང་འཇོན་མིའི་སྟོབས་ལྡན་ཞིང་ཆེན་འཐབ་ཇུས་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཇོན་མིའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ནས་ཆེད་དོན་འཆད་ཁྲིད་བྱས་པ་དང་། གཞི་རིམ་ཏང་འཛུགས་དང་ལས་བྱེད་པ།  འཇོན་མིའི་བྱ་བའི་སྲིད་ཇུས་ཁྲིམས་སྲོལ་དང་ལག་ལེན་ཉམས་མྱོང་བཅས་འགྲེལ་བཤད་གསལ་བོ་བྱས་པར་མ་ཟད།   ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་འཛུགས་དང་མི་དོན་བྱ་བར་འགན་འཁུར་བའི་བློ་མཐུན་གདན་དྲངས་ནས་སློབ་ཁྲིད་ལ་ཉན་དུ་བཅུག་སྟེ་གསོ་སྦྱོང་གི་གྲུབ་འབྲས་སྔར་ལས་རྒྱ་བསྐྱེད།  གོ་རིམ་རྗེས་མར།   གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཧྲན་ཏུང་ལས་བྱེད་པའི་སློབ་གླིང་དུ་སོང་ནས་གཟའ་འཁོར་གཅིག་ལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ་སློབ་མ་རྣམས་ཀྱིས་རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་རྩ་འཛུགས་སྡེ་ཁག་ནི་ཆབ་སྲིད་སྡེ་ཁག་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ།  དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པར་ཁྲིད་སྟོན་དང་།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་གལ་ཆེན་དང་བྱ་བ་གཙོ་བོར་དམིགས་ནས།   སློབ་སྦྱོང་གསོ་སྦྱོང་གི་གྲུབ་འབྲས་དེ་ངོས་འཛིན་མཐོར་འདེགས་དང་བྱེད་ནུས་ཇེ་དྲག  བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།