ཞིན་ཧེ་རྫོང་རྡོའུ་རྫོང་སྡེ་བའི་མང་ཚོགས་ཕྱུག་འགྱུར་གྱི་རྣམ་པ་གསར་བ།
2023.06.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ། རང་ཞིང་གི་ས་གནས་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར་བཞིན་འདུག  ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མཁར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་གནས་པའི་འབྲོང་འཐུལ་ཡུལ་ཚོ་རྡོའུ་རྫོང་སྡེ་བའི་གྱི་ལིང་ཐང་དུ་ཐོན་པ་དང་།  སྡེ་བ་འདིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི“གྲོང་གསེབ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཞིང་པའི་ཡོང་འབབ་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དགོས”པའི་དགོངས་དོན་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་བྱ་བ་དངོས་ཀྱི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བའི་རེ་འབྲས་མངོན་འགྱུར་བྱེད་པར་འབད་ཀྱིན་འདུག དེའི་གནས་ཚུལ་ཐད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་རྒྱལ་གྱིས་བཤད།

ཞིན་ཧེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། འབྲོང་འཐུས་ཡུལ་ཚོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་བྱ་བ་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་ཆེད། རྡོའུ་རྫོང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་ལ་རོགས་སྐྱོར་རང་བཞིན་གྱི་འབྲི་ནག་སུམ་བརྒྱ་ལྷག་བྱིན་པ་དང་། ཞིང་ཕྱུགས་ཅུའུ་ཡིས་སྒོར་འབུམ་དྲུག་བཏང་ནས་ཕྱུགས་ར་དང་ཕྱུགས་ཁང་ལས་ཏེ་མ་འོངས་པར་གྱི་ལིང་ཐང་འདིར་འབྲི་ནག་སྟོང་གི་རུ་མ་འཕེལ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་ནས་མཐུན་པའི་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་བཞིན་འདུག  དེའི་ཐད་ནས་རྡོའུ་རྫོང་སྡེ་བའི་འབྲེལ་ཐག་ལས་བྱེད་པ་གནམ་ཐར་གྱིས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མང་ཚོགས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན”ཞེས་གསུངས་པ་ནང་བཞིན་དུ་རྡོའུ་རྫོང་སྡེ་བས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་སྣོན་དང་མང་ཚོགས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་འབད་འབུངས་བྱེད་ཀྱིན་འདུག  དེའི་སྐོར་ནས་རྡོའུ་རྫོང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ནོར་བུ་དགྲ་འདུལ་གྱིས་བཤད།

རྩྭ་ཕྱུགས་དོ་མཉམ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད་རྡོའུ་རྫོང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་ལོ་རེའི་ནང་ཟླ་ངོ་དྲུག་གི་རིང་ལ་རི་ཁ་རུ་འབྲི་ནག་འཚོ་སྐྱོང་བྱེད་པ་དང་ཟླ་བ་དྲུག་གི་རིང་ལ་ཕྱུགས་ཁང་དུ་བསྐྱིལ་ནས་འབྲི་ནག་འཚོ་སྐྱོང་བྱེད་པའི་བྱེད་ཐབས་སྤྱད་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་བཞིན་འདུག དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཐད་མཉམ་ལས་ཁང་གི་འགོ་གཙོ་སྟོབས་ལྡན་ཚེ་རིང་གིས་འདི་ལྟར་བཤད།

ཕྱུགས་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་འབྲོག་སྡེ་ཆེན་པོ་འདི་རིམ་བཞིན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་ཡོད་ཅིང་ས་གནས་མང་ཚོགས་རྣམས་རེ་བའི་འཚོ་བ་གསར་བར་ཡིད་ཆེས་ཀྱིས་ཕྱུག་པ་དང་མཉམ་དུ་ཕྱུག་པོར་འགྱུར་བར་དཔའ་གདེངས་ཀྱིས་ཁེངས་འདུག

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ།

རྟ་མགྲིན་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།