ཟླ་དྲུག་པའི་ཚེས་བརྒྱད་ཉིན། རྨ་ཆུའི་བཞུར་རྒྱུད་ཀྱི་མི་ཤུགས་ཐོན་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྐུལ་སྤེལ་གྲོས་ཚོགས་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ། གྲོས་ཚོགས་སྟེང་། ཧྲན་ཞི་དང་ནང་སོག ཧྲན་ཏུང་། ཧི་ནན། སི་ཁྲོན། ཧྲའན་ཞི། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཡུལ་དངོས་སུ་རྨ་ཆུའི་བཞུར་རྒྱུད་ཀྱི་མི་ཤུགས་ཐོན་ཁུངས་ཀྱིས་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྒྲོམ་གཞིའི་གྲོས་མཐུན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ལྗོངས་དགུའི་མི་ཤུགས་ཐོན་ཁུངས་ཀྱིས་ལས་རིགས་མཐུན་ཚོགས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་མི་ཤུགས་ཐོན་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་མཉམ་དུ་སྐུལ་འདེད་བཏང་།
སྒྲོམ་གཞིའི་གྲོས་མཐུན་ལྟར། རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ལྗོངས་དགུ་ཡིས་ལས་ཞུགས་སྔོན་དུ་འགྲོ་བའི་འཐབ་ཇུས་དང་འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས། གྲོང་གསེབ་དར་སྤེལ་འཐབ་ཇུས་བཅས་ལ་དམིགས་ཏེ་སྤྱི་བའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་དང་ལས་རིགས་མཐུན་ཚོགས་སོགས་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་བྱས་པ་དང་། མཉམ་འབྲེལ་སྒོས་རྨ་ཆུའི་འགོ་ཁུངས་ཀྱི་ཆེད་དོན་མི་བསྡུ་བྱ་འགུལ་སྤེལ་ཏེ་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་སྟོབས་ཤུགས་ལྷག་མས་གོ་རིམ་ལྡན་པར་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། མཉམ་འབྲེལ་དྲ་རྒྱ་དང་མིས་བཟོས་རིག་ནུས། གཞི་གྲངས་ཆེན་པོ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རྨ་ཆུའི་འགོ་ཁུངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མི་བསྡུ་ཞབས་ཞུའི་སྟེགས་བུ་བཙུགས་པ་དང་། ལས་ཞུགས་ཐོན་ཁུངས་གཅིག་བསྡུས་དང་མི་བསྡུ་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་རོང་འབྲོག་ཁུལ་གྱི་ངལ་རྩོལ་སྟོབས་ཤུགས་དང་མཐོ་རིམ་མཐར་ཕྱིན་སློབ་མས་ལས་འཚོལ་མི་བསྡུའི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས། བཞུར་རྒྱུད་ཡོངས་ཀྱི་ཞིང་ཆེན་དང་ལྗོངས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྡེ་ཁག་རྨ་ཆུའི་འགོ་ཁུངས་སུ་བསྡད་དེ་བྱེད་ཐབས་མང་པོ་སྤྱད་ནས་འཇོན་མིའི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱས། བདག་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་སྡེ་ཁག་དང་ངལ་རྩོལ་བར་ཁེ་བ་སོགས་རྨ་ཆུའི་འགོ་ཁུངས་སུ་སོང་ནས་ཞིང་ཆེན་དང་ཁུལ་ཁོངས་བརྒལ་ཏེ་ངལ་རྩོལ་ཕྱིར་གཏོང་དང་ནང་འདྲེན་རྩ་འཛུགས་བྱེད་པ་དང་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་མཐུན་སྦྱོར་བྱས། མཉམ་དུ་རིགས་སོ་སོའི་གསོ་སྦྱོང་སྤེལ་ཏེ་སྤུས་ཚད་མཐོ་བའི་གསོ་སྦྱོང་གིས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པ་དང་། རྩལ་ནུས་འཇོན་མིའི་འདེགས་སྐྱོར་གྱི་ཕྱོགས་བསྡུས་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་བཏང་།
ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་བར་དུ། མཚོ་སྔོན་ལ་མི་ཤུགས་ཐོན་ཁུངས་ཞབས་ཞུ་སྡེ་ཁག་སུམ་བརྒྱ་དང་གཉིས་ཡོད་པ་དང་། ལོ་གཅིག་གི་ཚོང་གཉེར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལས་བརྒལ་ཡོད་ལ། ལས་གཉེར་མི་སྣ་བཞི་སྟོང་ལྷག་ཡོད། དེས་མི་བཀོལ་སྡེ་ཁག་ཁྲི་གཅིག་དང་སྟོང་བརྒྱད་ལ་མི་ཤུགས་ཐོན་ཁུངས་ཞབས་ཞུ་འདོན་སྤྲོད་བྱས་ཏེ་མི་ཐེངས་འབུམ་དྲུག་གིས་ལས་ཞུགས་དང་ལས་འདེམ་སོགས་མངོན་འགྱུར་བྱེད་པར་རོགས་འདེགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།