རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་བྱེ་བ་གཉིས་བཏང་སྟེ་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལ་རོགས་འདེགས་བྱས།
2023.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་ཆེད།  རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དངུལ་གཏོང་ཁྲིད་ཕྱོགས་ལ་དམིགས་ཏེ་ཞིང་སྡེའི་ཁོར་ཡུག་གི་གནད་དོན་གཙོ་བོ་གཅིག་བསྡུས་ བྱས་པ་དང་།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཉེ་ལམ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གཉིས་བཏང་སྟེ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།    མ་དངུལ་དེ་དག་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་ཐུན་རིན་གྲོང་ཁྱེར་གྱི་ཞིང་སྡེའི་གད་སྙིགས་གཅིག་བསྡུས་སྐྱེལ་འདྲེན་དང་། གནོད་མེད་ཅན་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཁྲོད་འཕྲད་པའི་འབུར་ཐོན་གནད་དོན་ཐག་གཅོད་དང་མི་འདང་ས་ཁ་གསབ་བྱེད་པ།   ཞིང་སྡེའི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་སྒྲིག་ཆས་བཀོད་སྒྲིག་བྱེད་པ།   ཞིང་སྡེའི་སྐྱེ་ལྡན་གད་སྙིགས་ཐོན་ཁུངས་བེད་སྤྱོད་ཆུ་ཚད་མཐོར་འདེགས་གཏོང་བ།  ཁོར་ཡུག་སྦགས་བཙོག་ཉེན་ཁ་ཇེ་ཆུང་དུ་གཏོང་བ།  ཐུན་རིན་གྲོང་ཁྱེར་གྱི་ཞིང་སྡེའི་མི་སྡོད་ཁོར་ཡུག་ནུས་ཡོད་སྒོས་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་བཀོལ་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།  ལས་གཞི་དུས་ཐོག་ཏུ་འགོ་རྩོམ་པར་འགན་སྲུང་བྱེད་ཆེད།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐུན་རིན་གྲོང་ཁྱེར་ཞིང་ཕྱུགས་ཅུའུ་དང་མཉམ་དུ་དངུལ་གཏོང་འཆར་གཞི་ཁག་བགོས་བྱས།  གོ་རིམ་རྗེས་མར།  ཐུན་རིན་གྲོང་ཁྱེར་གྱིས་བཟོ་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་ལས་གཞི་སྔ་མོ་ནས་ཡོངས་འགྲུབ་བྱས་ཏེ་བྱེད་ནུས་འདོན་པར་འགན་སྲུང་བྱེད་རྒྱུ་རེད།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།