ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་འཚོགས།
2023.06.14 ཁུངས། ཀློག་གྲངས། 24

ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་དུ་སྒྲུབ་མཁན་འཁུར་བའི་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཁྱོན་བསྡོམས་མི་བཞི་བཅུ་ལྷག་ཟབ་སྦྱོང་ལ་ཞུགས། 

ཐེངས་འདིའི་དཔྱད་གླེང་འཛིན་གྲྭའི་ཚོགས་ཡུན་ཉིན་བཅུ་རེད། སློབ་གྲྭའི་ནང་དུ་ཟབ་སྦྱོང་བྱེད་པ་དང་། སློབ་གྲྭའི་ཕྱི་རུ་ཟབ་སྦྱོང་བྱེད་པ། གཅིག་བསྡུས་ཟབ་སྦྱོང་དང་རང་སྦྱོང་བཅས་ཟུང་འབྲེལ་བྱས་ཤིང་། ཡུལ་དངོས་སློབ་ཁྲིད་དང་བརྙན་ལམ་སློབ་ཁྲིད། སྒྲིག་གཞིའི་རང་བཞིན་གྱི་དཔྱད་གླེང་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བཅས་སློབ་སྦྱོང་གཏིབ་ཟབ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་རྒྱས་བཤད་གལ་ཆེན་གྱི་སྐོར་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་གི་གཙོ་གནད་དུ་བཞག་ཅིང་། སློབ་མ་རྣམས་ལ་དབུལ་སྐྱོར་མ་རྩའི་དོ་དམ་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་། ཤར་ནུབ་མཉམ་འབྲེལ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ཡང་དག་སྒོས་དམ་འཛིན་བྱེད་དུ་བཅུག་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལམ་བུ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ལ། ཞིང་ལས་རྣམ་གྲངས་མ་དངུལ་གྱི་མ་རྩའི་དོ་དམ་གོ་རིམ་དང་གཏན་འབེབས་ཤེས་སུ་བཅུག་པ་མ་ཟད། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་གི་ནང་དོན་དང་ཐབས་ལམ་ལ་བྱང་བར་བྱས། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དཔྱད་གླེང་འཛིན་གྲྭ་ནི་སློབ་མ་རྣམས་ཀྱིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཀྱི་གལ་ཆེ་བའི་དངོས་ཡོད་དོན་སྙིང་དང་རྒྱང་རིང་བའི་ལོ་རྒྱུས་དོན་སྙིང་ངོས་ཟིན་པར་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་འཚུབ་སྣང་བ། གཟི་བརྗིད་ཀྱི་ཚོར་སྣང་བཅས་མཐོར་འདེགས་སུ་བཏང་ནས། སྔར་ལས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ཞིང་། བློ་རྩ་བརྟན་ལ། གཞུང་ལུགས་གསོ་སྦྱོང་དང་ལག་ལེན་ནུས་པ་སྔར་མེད་མཐོར་འདེགས་སུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ། ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་པ། མཚོ་སྔོན་གྱི་ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་སྡུག ཞིང་བ་ཕྱུག་འགྱུར་བཅས་འབྱུང་བའི་ཐད་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།