ཞིང་ཆེན་ཡོངས་ཀྱི་འོད་ནུས་ལས་རིགས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་བསྡུས།
2023.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན།    མཚོ་སྔོན་ཞིང་ཆེན་གྱིལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་བཅུ་དགུ་པ་དང་ཞིང་ཆེན་ཡོངས་ཀྱི་འོད་ནུས་ལས་རིགས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་འོད་ནུས་ཐོན་ལས་གླིང་དུ་སྤེལ།   རང་ཞིང་གི་འོད་ནུས་ལས་རིགས་ཀྱི་སྡེ་ཁག་བརྒྱད་ཀྱི་ཡན་ལག་རུ་ཁག་སུམ་ཅུ་འགྲན་སྡུར་ལ་ཞུགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འོད་ནུས་ཐོན་ལས་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྩི་སྲུང་བྱས་པ་དང་།   རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཐཱན་གཉིས་དམིགས་འབེན་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ།    རང་ཞིང་གི་འོད་ནུས་ལས་རིགས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་ཆེན་མོ་སོགས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་འགྲན་སྡུར་གྱིས་ཞིང་ཆེན་ཡོངས་ཀྱི་འོད་ནུས་གློག་འདོན་ལས་རིགས་ཀྱི་ལས་བཟོ་བའི་རྩལ་ནུས་ཆུ་ཚད་ལ་ཕྱོགས་བསྡུས་ལྟ་ཞིབ་ཐེངས་གཅིག་བྱས་པ་ཡིན་ལ།   འོད་ནུས་ལས་རིགས་ཀྱི་ལས་བཟོ་བའི་རྩལ་ནུས་ཆུ་ཚད་མཐོར་འདེགས་དང་ལུས་རྩལ་འཇོན་མི་གསོ་སྐྱོང་།    མཚོ་སྔོན་མཐོ་སྒང་གི་ལག་ཤེས་པ་འདེམ་པ། ལག་རྩལ་སྣང་ཚུལ་བཟང་བོ་བསྐྲུན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།