སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་དོན་འཁྱོལ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཆེན་པོའི་ཉེན་ཁ་ཆེད་དོན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི2023ལོའི་འགུལ་སྐྱོད་དང་ཁེ་ལས་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཚད་གཞི་མཐོ་བའི་ངང་སྤེལ་བ་བཅས་བྱེད་ཆེད། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ཀྲུང་གོའི་ཧ་ཡང་ལས་རིགས་མཚོ་སྔོན་ཡན་ལག་ཀུང་ཟི་རུ་སོང་ནས་ཉེན་ཁ་རྟོག་སེལ་མཛུབ་སྟོན་ཞབས་ཞུ་དང་ཆེད་དོན་འགུལ་སྐྱོད་ལྟ་སྐུལ་ཞིབ་བཤེར། བཟོ་ལས་ཉོ་ཚོང་ལས་རིགས་ཀྱི་ཉེན་ཁ་གཏན་ཁེལ་ཚད་གཞི་འགྲེལ་ཀློག ཚད་ཡོད་བར་སྟོང་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
མཛུབ་སྟོན་ཚན་ཆུང་གིས་ཡུལ་དངོས་ནས་ཁེ་ལས་ཀྱི་གཤེར་ཁུལ་འཁོར་ཁང་དང་རང་བྱུང་སོལ་རླངས་ཁྲོ་ཐབ་ཁང་སོགས་ཡུལ་གནས་གཙོབོའི་ཉེན་ཁ་ཚོད་འགོག་དང་བདེ་འཇགས་དོ་དམ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གཤེར་ཁིལ་ཕྱིར་ཤོར་འཕྲལ་བསྟུན་འཁྲབ་སྦྱོང་ལ་ལྟ་སྦྱོང་བྱས་ལ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྙན་ཞུ་ལ་ཉན་པ་དང་། དེའི་ཐད་གནས་པའི་གནད་དོན་ལ་ཡུལ་དངོས་ལ་ཕྱིར་ལན་བཏབ་པར་མ་ཟད། མདོག་ལྡན་ཁེ་ལས་ཀྱི་ཉེན་ཁ་ཆེན་པོའི་གཏན་ཁེལ་ཚད་གཞི་དང་གློག་བརྟེན་ཧ་ཡང་དབྱེ་འབྱེད་ལས་རིགས་ཀྱི་ཉེན་ཁའི་རྒྱུ་རྐྱེན་གཏན་ཁེལ་སོགས་ནང་དོན་ཐད་ནས་ཁེ་ལས་བར་བརྗེ་རེས་གང་ལེགས་བྱས།
ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་གཙོ་བོ་དང་། བདེ་འཇགས་ཐོན་སྐྱེད་ནི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པའི་མཚོན་བྱེད་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ། བདེ་འཇགས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། མ་དངུལ་དང་མཚོན་ཆས། ཤེས་ལྡན་མི་སྣ། དོ་དམ་བཅས་ཀྱི་དགེ་མན་འདོན་སྤེལ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས། བདེ་འཇགས་ཐོན་སྐྱེད་ཡོད་ཚད་ལས་མཐོ་བའི་གོ་གནས་སུ་འཇོག་པ་དང་། བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་མི་ཡོངས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སློབ་གསོ་གསོ་སྦྱོང་བཟང་བོ་སྤེལ་བ། ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱེད་པ། རིམ་པ་བཞིན་བདེ་འཇགས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དུས་ཐོག་ཏུ་བདེ་འཇགས་ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་བྱེད་པ། ནམ་ཡང་དོགས་ཟོན་བྱེད་པ་དང་དམ་འཛིན་ལྷོད་མེད་བྱས་ཏེ། དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་དགོས། ཁེ་ལས་ཀྱི་རིམ་པ་སོ་སོས་བཟོ་ལས་ཉོ་ཚོང་ལས་རིགས་ཀྱི་དོན་རྐྱེན་ཉེན་ཁ་གཏན་ཁེལ་ཚད་གཞི་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ལས་རྐང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་འདོད་བློ་དང་ནུས་པ་མཐོར་འདེགས་གཏོང་དགོས། ཁེ་ལས་ཀྱི་འགན་ཁུར་མི་སྣས་ཉེན་ཁའི་འགན་ཁུར་མི་སྣ་དང་པོའི་འགན་འཁྲི་དང་འགན་ཁུར་མི་སྣའི་གཅིག་ཅན་བཅུ་ཡི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུན་དུ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ། དུས་བཀག་ལྟར་ཉེན་ཁར་ཞིབ་བཤེར་བྱེད་པ། ཤེས་ཚོར་བྱུང་བའི་ཉེན་ཁའི་ཐད་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་གི་དོ་དམ་རྐྱེན་སྲོལ་འཛུགས་པ། ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་གི་སྤུས་ཚད་མཐོར་འདེགས་བཏང་སྟེ། བདེ་འཇགས་ཉེན་ཁ་ཆེན་པོ་མཐའ་གཅིག་ཏུ་མེད་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།