མཚོ་སྔོན་ཞིང་ཆེན་གྱིས་གདམ་མངག་བྱས་ནས་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་དུ་ལས་འཁུར་སྦྱོང་བརྡར་བྱེད་པར་འགྲོ་བའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2023.06.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པེ་ཅིང་ནས་མཚོ་སྔོན་ཞིང་ཆེན་གྱིས་གདམ་མངག་བྱས་ནས་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་དུ་ལས་ཁུར་སྦྱོང་བརྡར་བྱེད་པར་འགྲོ་བའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། གདམ་མངག་བྱས་ནས་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་ལ་ལས་ཁུར་སྦྱོང་བརྡར་བྱེད་པའི་འགྲོ་བའི་ལས་བྱེད་པ་བཅུ་བཞི་བཞུགས་མོལ་ལ་ཞུགས།

ཚོགས་ཐོག་ནས། ལས་ཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ལས་ཁུར་སྦྱོང་བརྡར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། དམིགས་འབེན་གྱི་ངེས་གཏན་ཡང་དག་འཚོལ་བ། བསམ་གཞིགས་དང་འཆར་འགོག་ནན་མོ་བྱེད་པ། ལས་འགན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཏེ། ལས་ཁུར་སྦྱོང་བརྡར་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་། ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་བཟང་བོར་བསྒྲུབ་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་དམིགས་འབེན་རེ་བ་ཚད་གཞིར་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དང་ཧྲན་ཞི། ནང་སོག་སོགས་ས་ཆར་ལྟ་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ། བརྟག་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས། གནད་དོན་དངོས་ཐག་གཅོད་པའི་ནུས་པ་ཇེ་མཐོར་གཏོང་དགོས། འཚར་ལོངས་ཡར་ཐོན་ཡོང་བར་བྱེད་པ་དང་། མི་སྒེར་གྱི་སྦྱོང་བརྡར་དང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་གཉིས་ཟུང་འབྲེལ་བྱེད་པ། འགྱུར་ལྡོག་དང་བསྟུན་པ་དང་བསྒྱུར་བཅོས་བྱེད་པའི་གསར་གཏོད་བསམ་བློ་གྲུབ་པར་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ། གནད་དོན་གསར་བར་ཞིབ་འཇུག་བྱེད་པ། གནད་དོན་གསར་བ་ཐག་བཅད་དེ། ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་དགོས། སྣང་བརྙན་བཟང་བོ་བསྐྲུན་པ་དང་། ཞིང་ཆེན་ཏང་ཨུའི་དཔེ་གཞིས་བཅོས་བསྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་བྱ་བའི་འབྲེལ་ཡོད་རེ་བ་ཚད་གཞིར་འཛིན་པ། དཔེ་གཞི་མེ་ལོང་དུ་འཛིན་པ་དང་དཔེ་གཞི་བསླབ་བྱར་འཛིན་པ། མི་མངོན་པའི་གནད་དོན་བཅོས་སྐྱོང་བྱེད་པའི་འདུ་ཤེས་བཙུགས་ནས། རང་ཉིད་ལ་རེ་བ་ནན་མོ་འདོན་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་ཁུར་སྦྱོར་བརྡར་བྱེད་པའི་ལས་བྱེད་པར་དོ་དམ་དང་སེམས་ཁུར་ནན་མོ་བྱེད་པ། རང་སྟེང་གི་བདེ་འཇགས་བརྟན་སྲུང་བྱེད་པ། རང་འགུལ་གྱིས་འབྲེལ་འདྲིས་ཚོགས་པ་གཙང་བསྒྱུར་བྱས་ཏེ། དངོས་གཉེར་ཕན་འབྲས་ལ་བརྟེན་ནས་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།

རིན་ཆེན་མཚོས་བསྒྱུར།