མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཏང་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་མཛེས་པའི་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་བསྡུས།
2023.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བཅས་དང་མཉམ་འབྲེལ་བྱས་ནས། ཟི་ལིང་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་གཉིས་འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་མཛེས་པའི་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐྱེ་ཁམས་མ་ལག་དང་འབྲེལ་བའི་ལས་ཁུངས་གདན་ཞུ་བྱས་ནས་ཚང་མར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་དཔེ་མཚོན་མི་སྣ་དང་ཐུན་མོང་གི་སྔོན་ཐོན་ལག་རྗེས་བཤད།

བྱ་འགུལ་ཁྲོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ནས་ཡོང་བའི་ལས་བྱེད་པས་སོ་སོར་ཁོ་ཚོས་ལས་རྐང་མི་འདྲ་བའི་སྟེང་རང་ཉིད་ཀྱི་བརྩེ་སེམས་དང་རྔུལ་ཆུ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྔོན་ཐོན་ལག་རྗེས་དང་དེའི་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་བཅས་གསལ་བོར་བཤད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ཏང་ཡོན་ལས་བྱེད་པ་བཞི་བརྒྱ་ལྷག་གིས་གཏམ་རྒྱུད་གྲོས་ཚོགས་ལ་བལྟས་པ་དང་། ཚང་མས་སྔོན་ཐོན་ལག་རྗེས་ཀྱིས་མི་སེམས་འགུལ་བ་དང་མི་ལ་སྐུལ་སློང་ཐེབས་པར་བྱེད་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་དོན་གལ་ཆེན་དུ་བརྩི་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། ཕྱོགས་ཡོངས་ནས་སྔར་ལས་སྟོབས་ཤུགས་ལྡན་པ་དང་སྔར་ལས་ཆུ་ཚད་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་དྭངས་རི་སྔོ་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།