མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་མཚོན་རྟགས་ཡོངས་བསྒྲགས་བྱས།
2023.06.30 ཁུངས། ཀློག་གྲངས། 108

ཟླ6པའི་ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70 ལོན་པའི་བརྗོད་དོན་མཚོན་རྟགས་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་། འབྲེལ་ཡོད་མགོ་ཁྲིད་དང་སྨྱན་བྱད་ལས་ཁུངས30ལྷག་ནས་ཡོང་བའི་གསར་འགོད་པ་སོགས་མི་བཞི་བཅུ་ལྷག་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཞུགས།

ཚོགས་འདུའི་སྟེང་། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་མཚོན་རྟགས་བསྡུ་རུབ་དང་དཔྱད་འདེམས་ཀྱི་བརྒྱུད་རིམ་ངོ་སྤྲོད་བྱས་པར་མ་ཟད། བརྗོད་དོན་མཚོན་རྟགས་ཀྱི་གོ་དོན་ལ་འགྲེལ་བཤད་བརྒྱབ་པ་དང་། མཚོན་རྟགས་བེད་སྤྱོད་བྱེད་ཚུལ་ཐད་གསལ་བཤད་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་བརྗོད་དོན་མཚོན་རྟགས་ཀྱི་སྟེང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་འབུར་དུ་ཐོན་པར་བྱས་ཡོད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་རིག་གནས་དང་ས་ཁོངས་རིག་གནས་ཕྱིར་མངོན་རྒྱུ་ཇུས་འགོད་ཀྱི་གཙོ་གནད་དུ་བཟུང་སྟེ། བསམ་གཞིགས་ཐེངས་མང་དང་སྒྱུ་རྩལ་ལས་སྣོན་གང་མང་བྱས་པ་བརྒྱུད།   མིག་ལ་མཛེས་ཤིང་དཔལ་གྱིས་ཕྱུག་པའི་ཨང་ཀི70ཡི་ཚུལ་དུ་ཇུས་འགོད་བྱས་ཡོད།

དེ་ལས་ཨང་ཀི7ནི་རི་ཚོགས་དང་དར་དམར། རྟ་མཆོག་སོགས་ཀྱིས་གྲུབ་ཡོད་ལ། ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་ཡོད་ཅིང་། རི་ཚོགས་ཀྱིས་མཚོ་བྱང་གི་མངའ་ཁོངས་སུ་གནས་པའི་མདོ་ལ་རི་བོ་དང་། སྨོན་ལམ་མཐོན་པོ།  ཨ་མྱེས་སྟོང་སོ་སོགས་མཚོན། རྟ་མཆོག་གིས་མཚོ་སྔོན་གྱི་འཇུ་ལག་རྟ་མཆོག་མཚོན། ཨང་ཀི0ནི་མཚོ་སྔོན་པོ་དང་གསེར་ཉ་ལས་གྲུབ་ཡོད།

ཁ་དོག་གི་ཆ་ནས་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ། དཀར་པོ་བཅས་རིགས་ལྔ་ལས་གྲུབ་ཡོད་ཅིང་། དེས་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ལ་མཚོ་བྱང་གི་རྣམ་པར་བཀྲ་བའི་མི་རིགས་རིག་གནས་མཚོན། དེ་ལས་ཁ་དོག་དམར་པོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མཚོན་ལ། ཁ་དོག་སེར་པོས་རིགས་སོ་སོའི་བུ་དང་བུ་མོ་ཚོའི་བདེ་སྐྱིད་ཀྱི་འཚོ་བ་མཚོན། ཁ་དོག་དཀར་པོ་དང་སྔོན་པོ། ལྗང་ཁུ་བཅས་ཀྱིས་མཚོ་བྱང་གི་དྭངས་གཙང་གི་གངས་རི་དང་གཡའ་དག་པའི་ནམ་མཁའ། ལྗང་མདོག་གི་རྩྭ་ཐང་བཅས་མཚོན་ཞིང་། དེས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་བརྟན་པོ་བཟུང་ནས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།

གསར་འགོད་པ། ལྕགས་ཐར་ཚེ་རིང་། ཐུབ་བསྟན།