ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་སློབ་གྲྭ་བརྒྱས་རྫོང་བརྒྱར་འབྲེལ་བ་འཛུགས་པ་དང་སྡེ་བ་དར་སྤེལ་གཏོང་བའི་དཔེ་སྟོན་རྫོང་དང་མཐོ་རིམ་སློབ་གྲྭའི་ཆིངས་ཡིག་འགོད་པའི་ཚོགས་འདུ་བསྡུས་པ་དང་། དེའི་དམིགས་འབེན་ནི་སློབ་གྲྭ་དང་ས་ཆའི་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། འགུལ་སྐྱོད་ལག་བསྟར་ཁྱབ་ཁོངས་རྒྱ་སྐྱེད་དེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།
སློབ་གྲྭ་བརྒྱས་རྫོང་བརྒྱར་འབྲེལ་བ་འཛུགས་པ་དང་སྡེ་བ་སྟོང་དར་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་དོན་འཁྱོལ་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་སྐོར་གྱི་བྱེད་ཐབས་གལ་ཆེན་དང་། གྲོང་གསེབ་འཛུགས་སྐྲུན་ཐད་ཀྱི་འཇོན་མིའི་ཞན་ཆ་ཁ་གསབ་བྱེད་པའི་ཤུགས་ཡོད་འདེགས་སྐྱོར། སྤྱི་ཚོགས་སྟོབས་ཤུགས་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་ལག་ལེན་དངོས་བཅས་ཡིན། ཟི་ལིང་གྲོང་ཁྱེར་གྱི་རྫོང་དང་ཆུའུ་གསུམ་གྱིས་སློབ་གྲྭ་བརྒྱས་རྫོང་བརྒྱར་འབྲེལ་བ་འཛུགས་པ་དང་སྡེ་བ་སྟོང་དར་སྤེལ་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ་དེ་གྲོང་གསེབ་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་དང་གྲོང་གསེབ་ཀྱི་འཇོན་མི་དར་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་བ། སྤྱི་ཚོགས་སྟོབས་ཤུགས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་གསར་བ་བཅས་སུ་བརྩི་རྒྱུ་རེད། དཔེ་སྟོན་འཛུགས་སྐྲུན་བྱ་འགུལ་སྤེལ་བ་བརྒྱུད་དེ། དཔེ་མཚོན་སྣེ་ཁྲིད་ཀྱི་དཔེ་སྟོན་ཕན་འབྲས་འདོན་སྤེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ཟླ་དྲུག་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་སློབ་གྲྭ་བརྒྱས་རྫོང་བརྒྱར་འབྲེལ་བ་འཛུགས་པ་དང་སྡེ་བ་སྟོང་དར་སྤེལ་གཏོང་བའི་དཔེ་སྟོན་འཛུགས་སྐྲུན་བྱ་བ་སྤེལ་འགོ་བརྩམས་པ་དང་། མཐོ་རིམ་སློབ་གྲྭས་གྲོང་གསེབ་འཛུགས་སྐྲུན་དཔེ་སྟོན་རྫོང་དང་དཔེ་སྟོན་མཐོ་རིམ་སློབ་གྲྭའི་ཆིངས་ཡིག་འགོད་པར་རོགས་བྱེད་པའི་མཉམ་ལས་ཚོད་ལྟ་སྤེལ་ལ། མཉམ་དུ་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་བསམ་ཕྱོགས་གསར་བ་འཚོལ་ཞིབ་བྱས་པ་དང་། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལག་ལེན་རྟེན་གཞི་བཙུགས་ལ། གྲོང་གསེབ་འཕེལ་རྒྱས་འཛུགས་སྐྲུན་ཐད་ཀྱི་དཀའ་གནད་ཐག་བཅད་པ་དང་། མཉམ་དུ་རང་ཡུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ལ། ས་ཁོངས་ཀྱི་ཁྱད་ཆོས་དང་བསྐྱར་བཀོལ་ཁྱབ་གདལ་བྱེད་ཆོག་པའི་ཉམས་མྱོང་དང་མ་དཔེ་སྐོར་ཞིག་གྲུབ་པར་བྱས་པ་དང་། 2025ལོའི་ལོ་མཇུག་བར་དུ། སྤུས་ཚད་མཐོ་བའི་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལག་ལེན་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཆིངས་ཡིག་བཀོད་པའི་རྫོང་གི་གྲོང་གསེབ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ལ། གྲོང་གསེབ་འཛུགས་སྐྲུན་གྱི་ཕྱིའི་རྣམ་པ་ཇེ་ཡག་ཏུ་སོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས།
རིན་ཆེན་མཚོས་བསྒྱུར།