རྨ་ལྷོ་ཁུལ་གྱིས་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་བྱ་བར་སྟོབས་ཤུགས་ཡོད་རྒུས་རོགས་འདེགས་བྱས།
2023.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་ལྔ་ཉིན།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྨ་ལྷོ་ཁུལ་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ།   ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད།  གསར་འགོད་པའི་དྲི་བར་ལན་བཏབ།

ཁམས་ར་ས་གཤིས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་སྟོང་གསུམ་བརྒྱ་དང་སོ་བདུན་ཡོད་པ་དང་། དེས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་བདུན་ཟིན་ལ། ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། རྩེ་ཁོག་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཅུ་བདུན་དང་འབྲེལ་ཡོད་པར་མ་ཟད།   ས་གཤིས་རྗེས་ཤུལ་དང་རང་བྱུང་ཐོན་ཁུངས། རིག་གནས་ཐོན་ཁུངས་བཅས་སྣ་མང་ཕུན་སུམ་ཚོགས་པོ་ཡོད།  ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་བྱ་བ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར་འགོ་བརྩམས་པ་དང་།   ན་ནིང་གི་ཟླ་གསུམ་པར་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་གོ་ལ་ཧྲིལ་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་འདེམ་སྒུག་ས་ཁུལ་བཅུ་བདུན་ཁྲོད་དུ་ཚུད།  ཟླ་འདིའི་ཟླ་མཇུག་ཏུ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཆེད་མཁས་པས་ཡུལ་དངོས་སུ་རྟོག་ཞིབ་དང་དཔྱད་འཇོག་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་ཆེད།   རྨ་ལྷོ་ཁུལ་གྱིས་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་ཐུན་རིན་དང་གཅན་ཚ།   རྩེ་ཁོག་བཅས་ཀྱི་སྲིད་གཞུང་ཁོངས་གཏོགས་སྡེ་ཁག་ཏུ་བྱས་པ་དང་།   འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་མ་ལག་རང་བཞིན་གྱི་ཇུས་གཞི་གཏན་འབེབས་བྱས་ཏེ་པར་འགྲེམ་བྱེད་པ་སོགས་བྱས་ལ།  ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་དེ་ཆེས་ཆེ་བ་གསུམ་ལག་བསྟར་དང་།   རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ།  རི་ཆུའི་རྨ་ལྷོ་འཛུགས་སྐྲུན་བྱེད་པ།   དམངས་འཚོའི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱས་པར་མ་ཟད།   ཕྱོགས་སོ་སོའི་བློ་གྲོས་དང་ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བའི་བྱ་བར་རོགས་འདེགས་བྱས།

ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ཡིག་ཐོག་སྙན་ཞུ་འབུལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བཟང་བོ་བྱེད་པ་དང་།  རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད།  ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།