རང་ཞིང་གིས་སྐོར་ཐེངས་གསར་བའི་མེ་མདའ་དང་འགས་གཏོར་གྱི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།
2023.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་མེ་མདའ་དང་འགས་གཏོར་གྱི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ཟླ་བདུན་པའི་ཚེས་ལྔ་ཉིན་ཟི་ལིང་དུ་སྤེལ་ནས། ལོ་གསུམ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བའི་གནས་ཚུལ་སྤྱི་སྡོམ་དང་ཁྱབ་བསྒྲགས་བྱས། མིག་སྔར་གྱི་གནས་བབ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། སྐོར་གསར་བའི་དུས་ཡུན་ལོ་གསུམ་གྱི་མེ་མདའ་དང་འགས་གཏོར་ཐད་ཀྱི་ཁྲིམས་འགལ་ཉེས་བྱས་ལ་རྡུར་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ཐད་ནས་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས། མེ་མདའ་དང་འགས་གཏོར་ཐད་ཀྱི་ཉེས་བྱས་ལ་རྡུང་རྡེག་བྱེད་ཤུགས་ཆེར་གཏོང་བ་དང་། རྡུང་རྡེག་ནན་མོ་བྱེད་པ་དང་འགོ་འབུར་མ་ཐག་རྡུང་རྡེག་བྱེད་པ་རྒྱུན་འཁྱོངས་བྱེད་པ། མེ་མདའ་དང་འགས་གཏོར་ཐད་ཀྱི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་ནན་མོ་བྱེད་པའི་མཐོ་གནོན་རྣམ་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། མེ་མདའ་དང་འགས་གཏོར་དང་འབྲེལ་བའི་གྱོད་གཞི་སྐོར་ཞིག་རྩད་གཅོད་བྱས་ནས། འཇིགས་ཟིལ་ཆེན་པོ་གྲུབ་པར་ཁག་ཐེག་བྱེད་དགོས། མེ་མདའ་དང་འགས་གཏོར་གྱི་ཉེན་ཁ་རྟོག་སེལ་བྱེད་པར་ཤུགས་སྣོན་པ་དང་། སུས་འགན་ཁུར་ནས་དོ་དམ་བྱས་ན་སུས་རྟོག་སེལ་བྱེད་དགོས་པའི་རྩ་དོན་ལྟར། ལས་ཞུགས་སྡེ་ཁག་གི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་རིགས་སྡེ་ཁག་ནས་དྲ་འཐེན་རང་བཞིན་གྱི་གསལ་བཤེར་འགུལ་སྐྱོད་སྤེལ་ནས། དུས་ཐོག་ཏུ་འབུར་དུ་ཐོན་པའི་ཉེན་ཁའི་གནད་དོན་སྐོར་ཞིག་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་དགོས། ཁྲིམས་དང་འགལ་བའི་མེ་མདའ་དང་འགས་གཏོར་དངོས་རྫས་མེད་པར་བཟོ་བ་དམིགས་འབེན་དུ་བྱེད་པ་དང་། ས་ཁུལ་གཙོ་བོར་སོང་ནས་བརྟག་བཤེར་དང་རྩིས་ལེན་བྱེད་པ་དང་། ཡུལ་གནས་གཙོ་བོར་ཞིབ་བཤེར་རྩིས་ལེན་ནན་མོ་བྱེད་པ། སྡེ་ཁག་གཙོ་བོས་རང་བཤེར་རང་སྡུད་བྱེད་པ། ཁྲིམས་དང་འགལ་བའི་མེ་མདའ་དང་འགས་གཏོར་དངོས་རྫས་རྩིས་ལེན་བྱེད་ཤུགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། རྡུང་རྡེག་བཅོས་སྐྱོད་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་དང་ལག་བསྟར་དེ་ཆེད་དོན་འགུལ་སྐྱོད་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། གཅིག་བསྡུས་སྒོས་དྲིལ་སྒྲོག་བྱེད་པ་དང་ཉིན་རྒྱུན་གྱི་དྲིལ་སྒྲོག་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། ཁྲིམས་འགལ་མེ་མདའ་དང་འགས་གཏོར་གྱི་གནོད་འཚེ་གསལ་བོར་བཤད་པ་དང་། བཅའ་ཁྲིམས་སྲིད་ཇུས་ཀྱི་གཏན་ཁེལ་གསལ་བོ་བཤད་པ། ཞུ་གཏུག་བྱ་དགའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཟབ་ཞུགས་བྱེད་པའི་ངར་སེམས་ཆེར་སྐྱེད་དེ། མི་དམངས་ཀྱི་གཡུལ་འགྱེད་རྒྱ་ཆེན་པོ་ཞིག་སྤེལ་དགོས་པའི་རེ་བ་བཏོན། 


རིན་ཆེན་མཚོས་བསྒྱུར།