མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དར་སྤེལ་གྱི་ལས་བྱེད་པའི་གསོ་སྦྱོང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་སུ་བཏང་།
ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་ཁྲིད་དུ་བཟུང་སྟེ། གསོ་སྦྱོང་ཐོན་ཁུངས་ལེགས་སྒྲིག་དང་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་བའི་གྲོང་གསེབ་དར་སྤེལ་མ་ལག་གི་ལས་བྱེད་པ་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱས་པ་དང་། ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་གྲོང་གསེབ་དར་སྤེལ་མ་ལག་གིས་རིགས་སོ་སོའི་གསོ་སྦྱོང་ཐེངས་ཉིས་བརྒྱ་དང་གཅིག་སྤེལ་བ་དང་། རིམ་པ་སོ་སོའི་ལས་བྱེད་པ་མི་ཐེངས་དགུ་སྟོང་སུམ་བརྒྱ་དགུ་བཅུ་གསོ་སྦྱོང་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ཏང་སྲིད་ལས་བྱེད་པ་དང་མ་ལག་ལས་བྱེད་པ། ལས་རིགས་ལས་བྱེད་པ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་ཚན་ཆུང་། གྲོང་སྡེའི་ལས་བྱེད་པས་ཡོངས་སུ་ཁེབས་པ་ལྔ་མངོན་འགྱུར་བྱས།
གཙོ་གནད་འབུར་དུ་ཐོན་པར་བྱས་ནས་གསོ་སྦྱོང་དམ་འཛིན་བྱས་པ་སྟེ། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཞིང་ཆེན་རྩ་འཛུགས་པུའུ་ལ་མཉམ་འབྲེལ་བྱས་ནས་གྲོང་གསེབ་དར་སྤེལ་གྱི་ལས་བྱེད་པའི་གསོ་སྦྱོང་དེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཇོན་མིའི་བྱེད་ནུས་མཐོར་འདེགས་གཏོང་བའི་འཆར་གཞི་དང་དམིགས་འབེན་ཚད་ལེན་དམིགས་ཚད་ཁྲོད་བཞག་ནས་ཞིང་ཆེན་རིམ་པས་དཔེ་སྟོན་དམ་འཛིན་དང་གྲོང་ཁྱེར་དང་ཁུལ་རིམ་པས་གཙོ་གནད་དམ་འཛིན་བྱེད་པ། རྫོང་དང་ས་ཁུལ་རིམ་པས་ཡོངས་ཁྱབ་ཏུ་དམ་འཛིན་བྱེད་པའི་རྐྱེན་སྲོལ་བཙུགས་ནས་ཞིང་ཆེན་རིམ་པའི་གཙོ་གནད་འཛིན་གྲྭ་ཐེངས་བདུན་གཏན་ཁེལ་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལས་བྱེད་པ་མི་ཐེངས་བཞི་བརྒྱ་ཉི་ཤུ་ལ་དཔེ་སྟོན་གསོ་སྦྱོང་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་རིགས་རྐང་འཛིན་པ་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་ལྔ་བཅུ་བདམས་ནས་དགེ་རྒན་དཔུང་སྡེའི་ཁྲོད་བཞག་པ་དང་བསླབ་དེབ་བསྒྲིགས་པ་དང་དཔར་ནས། སྲིད་ཇུས་འགྲེལ་ཀློག་བྱེད་པ་དང་མ་དངུལ་དོ་དམ་སོགས་བསླབ་བྱ་ཉི་ཤུ་ལྷག་གྲུབ་པར་བྱས།
རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་ནས་གསོ་སྦྱོང་དམ་འཛིན་བྱས་པ་སྟེ། ངེས་སྦྱོང་གཞུང་ལུགས་སློབ་ཁྲིད་ལེགས་པར་སྤེལ་བ་དང་ཞིབ་འཇུག་བགྲོ་གླེང་མཉམ་འགུལ་སློབ་ཁྲིད་བྱས་ནས་ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་འཛུགས་སྐྲུན་བྱེད་པ་དང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པ་དང་ཞིང་གྲོང་གི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཐོར་འདེགས་གཏོང་བ་སོགས་ལས་གཞིའི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་ལེགས་སྒྲིག་བྱས་པ་དང་། དམངས་ཚིས་ལས་གཞི་བརྒྱད་བརྒྱ་སོ་གཅིག་ལག་བསྟར་བྱས་ལ། ཚོད་ལྟའི་སྡེ་བ་བཞི་བརྒྱ་ཉེར་ལྔ་འཛུགས་སྐྲུན་བྱས་ནས་སྐོར་ཐེངས་དང་པོའི་གྲོང་གསེབ་དར་སྤེལ་གྱི་ཉམས་མྱོང་རྣམ་པ་གྲུབ་པར་བྱས།
ནུས་པ་མཐོར་འདེགས་བཏང་ནས་གསོ་སྦྱོང་དམ་འཛིན་བྱས་པ་སྟེ། ཆབ་སྲིད་ནུས་པ་དང་ལག་བསྟར་ནུས་པ། མཁྲེགས་གཏོར་ནུས་པ། མང་ཚོགས་ཀྱི་བྱ་བའི་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང་། དེའི་ཁྲོད་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་སྦྲེལ་མཐུད་མ་དངུལ་གྱི་བརྒྱ་ཆའི་དྲུག་ཅུ་ཐོན་ལས་འཕེལ་རྒྱས་ཐད་བཀོལ་བ་དང་ཁྱད་ལྡན་འདེབས་འཛུགས་དང་གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་ཀྱི་རོགས་འདེགས་བྱེད་ཤུགས་ཆེ་རུ་བསྐྱེད་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
མི་ཕམ་མགོན་པོས་བསྒྱུར།