དར་ལག་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 108

ཉེ་བའི་ལོ་འགའི་རིང་ལ།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་དྲག་ཏུ་བཏང་བ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྱུར་བྱས་ལ།   སྣ་མང་ཅན་གྱི་འཕེལ་རྒྱས་བྱེད་ཐབས་འཚོལ་ཞིབ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་བྱེད་ནུས་མཐོར་འདེགས་སུ་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

དར་ལག་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཏེ་སྡེ་བའི་ཏང་རྩ་འཛུགས་སྟོབས་ལྡན་དུ་བཏང་ནས་ཏང་འཛུགས་ཁྲིད་སྟོན་དང་རྩ་འཛུགས་སྣེ་ཁྲིད།   སྡེ་དམངས་ཟབ་ཞུགས།   མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་འཛུགས་བྱས།    རྒྱབ་བརྟེན་ཆོག་པ་དང་དངོས་སྒྲུབ་གཙིགས་སུ་འཛིན་པ།   སྣེ་ཁྲིད་བྱེད་ཐུབ་པའི་འཇོན་མི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་ཏུ་བདམས་ནས་འཇོན་མིའི་རྨང་གཞི་སྲ་བརྟན་དུ་བཏང་བར་མ་ཟད།   ཡུལ་བབ་དང་བསྟུན་ཞིང་གྲོང་གསེབ་ཀྱི་ཐུན་མིན་ཐོན་ཁུངས་ལ་རྐང་བཙུགས་ཏེ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་རྒྱུ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཡོད་བྱེད་ཐབས་སུ་བྱས་ནས་དངོས་ཕུང་དཔལ་འབྱོར་དང་གཟན་རྩྭ་འདེབས་འཛུགས།   ཕྱུགས་ཟོག་གསོ་སྤེལ་སོགས་ཕྱོགས་མང་འཕེལ་རྒྱས་མངོན་འགྱུར་བྱས།

                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།