ཉེ་སྔོན། སྐབས་བཞི་བའི་རིག་སྟོབས་གཙང་གསུམ་ཡུལ་དུ་འདུས། མཚོ་སྔོན་གསར་བར་རོགས་འདེགས་བྱེད་ཅེས་པའི་འཇོན་མིའི་ལས་གཞིའི་ཚོང་གཏམ་གྲོས་ཚོགས་སྟེང་། མཚོ་སྔོན་གྱི་ཆེད་མཁས་པ་དང་འཇོན་མོའི་མཉམ་འབྲེལ་ལྷན་ཚོགས་དང་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་དེ། ས་ཁུལ་གཉིས་ཀྱི་མཐོ་རིམ་འཇོན་མིའི་གསོ་སྐྱོང་དང་ཐོན་ཁུངས་མཉམ་སྤྱོད། རིགས་གཞུང་ཞིབ་འཇུག་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ།
ས་ཁུལ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པའི་དམིགས་ཡུལ་ནི་དངོས་གཉེར་མཉམ་སྐྱོད་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། ལྟ་སྦྱོང་སློབ་སྦྱོང་དང་ལས་ཁུར་སྦྱོང་བརྡར། མཐོ་རིམ་རིགས་གཞུང་བརྗེ་རེས། འཇོན་མིའི་སློབ་གསོའི་གསོ་སྦྱོང་སོགས་གཅིག་བརྟེན་མཉམ་སྤེལ་དང་མཉམ་འདྲེས་གསར་གཏོད་ཀྱི་མཉམ་ལས་དམིགས་འབེན་མངོན་འགྱུར་བྱེད་ཆེད་རེད། ཕྱིན་ཆད་ཧྲིན་ཀྲིན་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མིན་གྱི་ས་ཁོངས་དང་ཐོན་ཁུངས། འཇོན་མིའི་ཁྱད་སྟོབས་བཅས་འདོན་སྤེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་བཅད་ལྟར་མཐོ་རིམ་རིགས་གཞུང་བྱ་འགུལ་སྤེལ་བ་དང་། མཐོ་རིམ་འཇོན་མིའི་གྲབས་གསོག་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཕུལ་བྱུང་ན་གཞོན་ཆེད་མཁས་པ་དང་འཇོན་མིའི་གསོ་སྐྱོང་དང་ཧྲིན་ཀྲིན་དུ་ལས་ཁུར་སྦྱོང་བརྡ་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་ལ་ཐོན་ལས་འཕེལ་རྒྱས་མདུན་གྲལ་གྱི་ཆ་འཕྲིན་དང་འཇོན་མིའི་གསོ་སྐྱོང་གི་ཁ་ཕྱོགས་གསར་བ་སྟོན་རྒྱུ་དང་། མཚོ་སྔོན་ཕྱོགས་ཀྱིས་མཚོ་སྔོན་གྱི་ཉིང་རྡུལ་མཁར་གྱི་མཐོ་རིམ་འཇོན་མིའི་རྒྱལ་གཅེས་བརྩེ་སེམས་ཞིབ་འཇུག་གསོ་སྐྱོང་རྟེན་གཞིར་རྟེན་ནས། ཧྲིན་ཀྲིན་གྱིས་མཐོ་རིམ་འཇོན་མིའི་རྒྱལ་གཅེས་བརྩེ་སེམས་སློབ་གསོ་དང་མདེལ་གཉིས་སྐར་གཅིག་གི་ཚན་རིག་པའི་དགོངས་པའི་སློབ་གསོ་སྤེལ་བ་སོགས་ཀྱི་ཐད་ཞབས་ཞུ་འདོན་སྤྲོད་བྱས་ནས་རྒྱབ་སྐྱོར་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་གཞོན་པ་ཝུའུ་ཀྲི་ཅན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཧྲིན་ཀྲིན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རིགས་གཞུང་ཞིབ་འཇུག་དང་འཇོན་མིའི་གསོ་སྐྱོང་སོགས་ཐད་ཀྱི་ཡུན་ནུས་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ། ས་ཁུལ་གཉིས་ཀྱི་འཇོན་མིའི་བྱ་བར་མེ་ཏོག་བཞད་དེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གོ་ཆིན་ལན་གྱིས་བྟན་དོན། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་མཉམ་སྤྱོད་བྱས་ཏེ། སྣེ་ཁྲིད་འཇོན་མི་དཀོན་པ་དང་དོ་དམ་སྒྲིག་ལུགས་རྐྱེན་སྲོལ་འཐུས་སྒོ་མི་ཚང་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།