མགོ་ལོག་ཁུལ་དར་ལག་རྫོང་འོད་ཟེར་ཡུལ་ཚོའི“གོམ་སྟབས་བཞི་”ཡིས་གྲོང་གསེབ་དར་སྤེལ་ལས་དོན་ལ་སྦྲེལ་མཐུད་ནུས་ལྡན་ཐུབ་པར་རོགས་འདེགས་བྱས།
2023.07.24 ཁུངས། ཀློག་གྲངས། 138

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུ་ཁྲོད་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་བླང་བྱ་གསར་བ་བཏོན་པས། འབྲོག་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་དང་རེ་བ་གསར་བ་བསྐྲུན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འོད་ཟེར་ཡུལ་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བསྟན་སྲུང་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་ལས་དོན་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་ཁྲིད་བྱས་ཐོག བྱ་བའི་བྱ་ཐབས་ཐད་འཕེལ་རྒྱས་གསར་གཏོད་ཐུབ་པ་དང་། དམངས་དོན་སྒྲུབ་པའི་ཐད་རང་ནུས་ཅི་ལྕོགས་ཐུབ་པ། སྦྲེལ་མཐུད་ནུས་ལྡན་ཐད་དག་ཐེར་ཤུགས་སྣོན་ཐུབ་པར་བྱས།

དག་ཐེར་དོན་འཁྱོལ་ནུས་ལྡན་དེ་བྱ་བ་གཙོ་བོར་བཟུང་ཞིང་། དར་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱི་བྱ་བའི་རེ་བ་ལྟར། རེ་རེ་བཞིན་བསྡུར་ཞིབ་དང་། རེ་རེ་བཞིན་སྐུལ་འདེད་བྱས་ནས། འགན་འཁྲི་ལས་བགོས་ཞིབ་ཕྲ་དང་འགན་འཁྲི་དོན་འཁྱོལ་ཤུགས་སྣོན་ཐུབ་པར་བྱས་ནས། ཏན་ཏིག་གིས་དག་ཐེར་དོན་འཁྱོལ་སྐུལ་འདེད་བྱས་ཐོག གནད་དོན་མིག་མདུན་དུ་འཇོག་པ་དང་བྱེད་ཐབས་གནད་དུ་འཁེལ་པ། འགན་འཁྲི་ཕྲག་ཐོག་ཏུ་ལེན་པ་བཅས་ཐུབ་པར་བྱས་ནས། གནད་དོན་དག་ཐེར་ཞིབ་སྒྲུབ་དང་དངོས་སྒྲུབ། ལེགས་སྒྲུབ་བཅས་ཀྱི་ཐད་ཤུགས་ཆེན་པོ་དངོས་འདོན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་གྱི་དག་ཐེར་བྱ་བ་ཡག་པོ་སྒྲུབ་པའི་ལས་འགན་དོན་འཁྱོལ་བྱས།

ཁྱད་ལྡན་ཕྱུགས་ལས་དེ་ལས་འགན་གཙོ་བོར་བརྩིས་ཏེ་དམ་འཛིན་བྱས་པ་དང་། ཕྱུགས་ལས་འཕེལ་རྒྱས་ཀྱི་དོན་དངོས་ཟུང་འབྲེལ་དང་གནས་བབ་ལ་བསྟུན་ཏེ། ཡུལ་ཚོའི་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་མང་ཚོགས་ཀྱི་རེ་འདུན་ལ་རྐང་བཙུགས་ནས། ཕྱོགས་སྡོམ་དབྱེ་ཞིབ་དང་སྟོབས་ཤུགས་གཅིག་བསྡུས། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས། བྲག་མཆོག་རྣམ་པ2.0རིམ་སྤོར་པར་གཞི་བསྐྲུན་པར་ཤུགས་བརྒྱབ་སྟེ།“ནོར་ནག་རྒྱ་རྒྱ་”ཡི་ཟོག་རྒྱུད་རྨང་གཞིར་བྱེད་པ་སླར་གསོ་བྱས་ནས། སྡེ་བ་སོ་སོར་སོང་སྟེ་ཟོག་རྒྱུད་བཟང་བོ་མངག་ཉོ་བྱས་པས། མང་ཚོགས་ལ་ཁེ་བཟང་ཡོད་པའི་ཕྱུགས་ལས་སྤུས་ལེགས་ཅན་མཐོར་འདེགས་བྱས་ཏེ་ཡོང་སྒོ་འཕར་སྣོན་ཐད་ཤུགས་སྣོན་ཐོབ།

ས་ནག་བཅོས་སྐྱོང་བྱེད་པ་དེ་ལྗང་བསྒྱུར་གྱི་གོ་སྐབས་ལ་བརྩིས་ཤིང་། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཡུལ་དངོས་ནས་ཡུལ་ཚོའི་མངའ་ཁོངས་ཀྱི“ས་ནག”གི་རྒྱ་ཁྱོན་ལྟ་ཞིབ་བྱས་ཏེ།  ཧུར་ཐག་སྒོས་ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་མཐུད་བྱས་པ་བརྒྱུད། རོགས་སྐྱོར་ལས་གཞི་བརྩོན་ལེན་བྱས་ཏེ“ས་ནག”བཅོས་སྐྱོང་ལས་དོན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། དཔའ་དར་གཅིག་གིས་ད་ལྟའི་གནས་བབ་བཤད།། དར་ཁ་གཅིག་གིས་མ་འོངས་རེ་བ་བརྩོན།། འདས་པ་སྒྲོག་པ་དང་ད་ལྟ་བཤད་པ། བསྡུར་བ་ཐུབ་པ་བཅས་ཀྱི་སྒོ་ནས་ལས་བྱེད་པ་དང་མང་ཚོགས་བསམ་ཕྱོགས་གཅིག་པ་དང་།  ཏང་དང་མང་ཚོགས་ཁ་ཕྱོགས་གཅིག་པར་བྱས་ཏེ།“ལྗང་མདོག་གི་གཞིས་ཁྱིམ་”མཉམ་བསྐྲུན་བྱས།

གྲོང་གསེབ་དར་སྤེལ་གྱི་སྒྲོག་འབྲེལ་དེའི་སྒྲིག་གཞི་རྒྱུན་རྣམ་ཅན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་། གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་ཤེས་བྱ་བཅས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་“ལག་དེབ་”འགྲེམ་གཏོང་བྱས་པ་དང་།   ཧུར་ཐག་སྒོས་མང་ཚོགས་ཀྱི་བསམ་བློའི་ཐད་བཅོས་བསྒྱུར་དང་བྱ་སྤྱོད་ཐད་དོན་འཁྱོལ་ཐུབ་པར་བྱས་ཏེ། དབུལ་ཐར་མང་ཚོགས་ཁྲོད་དུ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པར་བྱས་ཡོད། 

འཕྲིན་གཏོང་པ། དཔལ་ཆེན་རྡོ་རྗེ།