རང་ཞིང་གིས་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་མཉམ་འབྲེལ་གྱིས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་།
2023.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཉེ་ལམ།   མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་བྱ་བའི་ཇུས་གཞི་པར་འགྲེམ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཇེ་དྲག་ཏུ་གཏོང་བ་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་མ།  འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་བ་དང་།    སྐྱེ་ཁམས་མ་ལག་གི་བྱེད་ནུས་མཐོར་འདེགས་སུ་བཏང་།

བྱ་བའི་ཇུས་གཞིས་རྒྱལ་དོན་གྱི་ཆེ་ཕྱོགས་ལ་དམིགས་ཏེ་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཇེ་དྲག་ཏུ་གཏོང་བ་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུ་དམ་པོར་བཟུང་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ཇེ་དམ་དུ་བཏང་བ་དང་།  ཆུ་དཔོན་མཚོ་དཔོན་དང་ནགས་དཔོན་རྩྭ་དཔོན། དེ་མིན་འབྲེལ་ཡོད་འགན་འཁྲིའི་སྡེ་ཁག་གིས་འགན་སྒྲུབ་ནན་མོ་བྱེད་པར་མཛུབ་སྟོན་བྱས་ལ།  ཆུ་བོ་དང་མཚེའུ།  ནགས་ཚལ། རྩྭ་ཐང་།  བརླན་ས་སོགས་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱས།

བྱ་བའི་ཇུས་གཞིའི་ནང་དུ།   མཉམ་འཛུགས་མཉམ་བཅོས་ནང་རྐྱེན་དང་མཉམ་འབྲེལ་ཁྲིམས་འཛིན་ནང་རྐྱེན།   གཅིག་གྱུར་སྐོར་སྲུང་ནང་རྐྱེན།   ཆ་འཕྲིན་མཉམ་སྤྱོད་ནང་རྐྱེན་སོགས་གཏན་འཁེལ་གསལ་བོ་བྱས་ཡོད།  ནང་རྐྱེན་དྲུག་གི་འཁོར་སྐྱོད་ཇེ་དྲག་ཏུ་གཏོང་བ་བརྒྱུད་དེ་ཆུ་དཔོན་མཚོ་དཔོན་དང་ནགས་དཔོན་རྩྭ་དཔོན་མཉམ་འབྲེལ་གྱི་བྱ་བའི་ནང་རྐྱེན་རྒྱ་བསྐྱེད་པ་དང་།    མ་ལག་གི་བསམ་བློས་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་ཆུ་བོ་དང་མཚེའུའི་སྐྱེ་ཁམས་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ།    ལྗང་མདོག་སྐྱེ་ཁམས་གཞི་རྩ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིངས།  རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་བྱེད་ཐབས་གསར་སྐྲུན་བྱེད་པ།   དྲང་ཕྱོགས་ཀྱི་དྲིལ་སྒྲོག་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།   མཉམ་འཛིན་སྤྱི་སྒྲུབ་དང་ཁོངས་ཡོངས་མཉམ་བཅོས།  རྩ་ལག་མཉམ་བཅོས་བཅས་ཀྱི་མཉམ་ཤུགས་གྲུབ་པར་སྐུལ་འདེད་བཏང་ནས།   ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་ཁུལ་ཁོངས་མཐུན་སྦྱོར།   སྡེ་ཁག་མཉམ་འབྲེལ།  སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པའི་དོ་སྲུང་གི་རྣམ་པ་གསར་པ་གྲུབ་པར་བྱས།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།