ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཐེངས་འདིའི་མཉམ་ལས་ནི། ནོར་སྲིད་དཔལ་འབྱོར་སྲིད་ཇུས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། གྲུབ་འབྲས་མཉམ་སྤྱོད་དང་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། ནོར་སྲིད་སྡེ་ཁག་གིས་ནོར་སྲིད་དཔལ་འབྱོར་གྱི་གཞུང་ལུགས་མ་ལག་ཞིབ་འཇུག་ལ་ཤུགས་སྣོན་པ་དང་མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་བ། ནོར་སྲིད་དངུལ་རྩའི་ཉེན་ཁ་འགོག་སྲུང་དང་ཐག་གཅོད་པ་སོགས་ཕྱོགས་ནས་སྤུས་འདེགས་ནུས་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
མིག་སྔར། མཚོ་སྔོན་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོར་ཐུག་ཡོད་པ་དང་། ནོར་སྲིད་སྡེ་ཁག་གི་འགན་ནུས་ནུས་པ་སྔར་ལས་གལ་ཆེ། འཐབ་ཇུས་མཉམ་ལས་བརྒྱུད་དེ། ཕྱོགས་གཉིས་ཀྱིས་དགེ་མཚན་ཁ་གསབ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྩ་དོན་གཞིར་བཟུང་བ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་རྐང་བཙུགས་ནས། དཔྱད་གཞི་མཉམ་ལས་ཞིབ་འཇུག་དང་མཐོ་རིམ་གསོ་སྦྱོང་། ཚན་རིག་ཞིབ་འཇུག་གསར་གཏོད། རིག་མཛོད་བློ་འདྲི། ཐོན་ལས་མཉམ་ལས། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཕྱོགས་ནས་མཉམ་ལས་ཤུགས་བསྣན།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་ནི་རྒྱལ་ཁབ་རིམ་པ་དང་པོ་གཉིས་ཅན་འཛུགས་སྐྲུན་དང་གཉིས་གཅིག་གཅིག་བཟོ་སྐྲུན་འཛུགས་སྐྲུན། སྐོར་ཐེངས་དང་པོའི་དགེ་མཚན་བསླབ་ཚན་གསར་གཏོད་སྟེགས་བུ་ལས་གཞི་འཛུགས་སྐྲུན་བཅས་ཀྱི་མཐོ་རིམ་སློབ་གླིང་ཞིག་ཡིན་ལ། ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་ནོར་སྲིད་ཐིན་བར་དུ་འབྲེལ་འདྲིས་བཟང་བོ་དང་མཉམ་ལས་དམ་ཟབ་སྲུང་འཛིན་བྱས་ཡོད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ནོར་སྲིད་ལས་དོན་འཛུགས་སྐྲུན་ཐད་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་བརྒྱུད་སྐྱེལ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། ཕྱོགས་གཉིས་ཀྱིས་མི་རིགས་ས་ཁུལ་དང་མཐོ་སྒང་ས་ཁུལ། དར་རྒྱས་མིན་པའི་ས་ཁུལ་གྱི་འཕེལ་རྒྱས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་ཕྱོགས་གསར་བ་གསར་འབྱེད་དང་གྲུབ་འབྲས་གསར་བ་ལེན་པར་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གྱི་ལམ་བུ་གསར་བ་འཚོལ་ཞིབ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། སྟོབས་ཤུགས་ཡོད་རྒུས་མཉམ་ལས་ལས་གཞི་སྤེལ་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ལྡན་གྱི་ནོར་སྲིད་རིག་སྟོབས་འདོན་སྤྲོད་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།