རང་ཞིང་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བཏང་ནས་རྩེ་ཁོག་རྫོང་གི་རྩྭ་ཐང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཐད་རོགས་འདེགས་བྱས།
2023.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། རང་ཞིང་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བཏང་ནས་རྩེ་ཁོག་རྫོང་གི་རྩྭ་ཐང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཐད་རོགས་འདེགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། འབྲེལ་མཐུད་དང་བརྩོན་ལེན་བྱས་པ་བརྒྱུད་དེ། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཉམ་འབྲེལ་བྱས་ནས་རྨ་ལྷོ་ཁུལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཆེད་སྤྱོད་ཀྱི2023ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བཀོད་སྒྲིག་བྱས་ཏེ། རྩེ་ཁོག་རྫོང་གི་རྩྭ་ཐང་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ལས་གཞིའི་ཐད་བཀོལ་སྤྱོད་བྱས། ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རྩེ་ཁོག་རྫོང་གི་རྩྭ་ཐང་ཕྱུགས་ལས་རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་ནུས་པ་སོགས་ཀྱི་རྨང་གཞིའི་ཆ་རྐྱེན་མངོན་གསལ་སྒོས་ལེགས་སྒྱུར་བྱེད་པ་དང་། ཕྱུགས་ལས་ཀྱི་ཐོན་སྐྱེད་རྣམ་པ་དེ་སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་གཙོར་བྱས་པ་ནས་ནམ་ཟླ་དྲོ་དུས་འོས་འཚམ་སྒོས་ཕྱུགས་འཚོ་བ་དང་འཁྱག་དུས་གཟན་རྩས་གསོ་བར་བསྒྱུར་བ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་ཧ་ལམ་གྲུབ་པར་བྱེད་པ། གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་བ། རྩྭ་ཐང་ཕྱུགས་ལས་ཀྱི་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་གཏོང་ཐུབ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།