མཚོ་ནུབ་ཁུལ་གྱིས་ཆུ་རྒྱས་དུས་ཀྱི་སྲོག་ཆགས་ཀྱི་ནད་ཡམས་འགོག་སྡོམ་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབས།
2023.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་སྔོན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   དབྱར་ཁར་ནད་ཡམས་འཕར་སླ་བའི་དུས་སྐབས་ལ་སླེབས་པ་དང་བསྟུན་ནས། སྲོག་ཆགས་ཀྱི་ནད་ཡམས་འབྱུང་ཚད་ཇེ་མང་དུ་སོང་བ་དང་།   ཆུ་རྒྱས་དུས་ཀྱི་སྲོག་ཆགས་ཀྱི་ནད་ཡམས་དང་མི་ཕྱུགས་གཉིས་ཀར་ནད་ཕོག་པར་འགོག་སྡོམ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ཆེད།   མཚོ་ནུབ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་དང་འགོག་སྡོམ་བྱེད་ཐབས་ཕྱོགས་བསྡུས་བྱས་ནས།   ཆུ་རྒྱས་དུས་ཀྱི་སྲོག་ཆགས་ཀྱི་ནད་ཡམས་འགོག་སྡོམ་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབས།

མཚོ་ནུབ་ཁུལ་གྱིས་ཆུ་རྒྱས་དུས་ཀྱི་སྲོག་ཆགས་ཀྱི་ནད་ཡམས་འགོག་སྡོམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས།   རིམ་པ་བཞིན་འགོག་སྡོམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་།   ལྟ་སྐུལ་དོ་དམ་འགན་འཁྲི་དང་འགོག་སྡོམ་གཙོ་གནད་གཏན་ཁེལ་གསལ་བོ་བྱས་ལ།   རི་བོང་གི་ནད་དང་ལྟ་ཞིབ་ཚད་ལེན།   དུག་སེལ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་དམ་འཛིན་བྱས། གཙོ་བོར་ཧྥེ་གླིང་གི་ཕད་ནད་སོགས་འབྱུང་ཚད་ཆེ་བའི་སྲོག་ཆགས་ཀྱི་ནད་ཡམས་འགོག་སྡོམ་བཟང་བོ་བྱས་པ་དང་།   ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་སྔོན་འགོག་འཕྲལ་བསྟུན་དང་ཁ་གཏད་སྟོབས་ཤུགས་བཀོད་སྒྲིག་བྱས་ལ།   གསོ་སྤེལ་དང་ཉོ་ཚོང་སོགས་འབྲེལ་ཡོད་གཙོ་གཞིས་རིམས་འགོག་འདུ་ཤེས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་།

སྲོག་ཆགས་ནད་ཡམས་ལྟ་ཞིབ་དཔེ་ལེན་བྱ་བ་སྤེལ་བ་དང་།   གཙོ་གནད་ཁུལ་ཁོངས་དང་ཡུལ་གནས་གཙོ་བོའི་ནད་ཡམས་བརྟག་དཔྱད་དང་ལྟ་ཞིབ་དཔེ་ལེན་བྱ་བར་ཤུགས་བསྣན་ལ།   དཔྱིད་དུས་ཀྱི་སྲོག་ཆགས་ནད་ཡམས་གཅིག་བསྡུས་རིམས་ཐར་གྲུབ་འབྲས་ལ་རྒྱུས་ལོན་ཡང་དག་བྱས་པ་དང་།   དུས་ཐོག་ཏུ་སྲོག་ཆགས་ནད་ཡམས་བྱུང་བ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས། ནད་ཡམས་ཞུ་གཏུག་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་།   རིམས་ཐར་ལྟ་ཞིབ་གནས་ཚུལ་གཞིར་བཟུང་ནས།   ཁ་ཚ་རྨིག་ཚ་སོགས་སྲོག་ཆགས་ཀྱི་ནད་ཡམས་ཆེན་པོ་རིམས་ཐར་ཇེ་དྲག་ཏུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབས།

གཙོ་བོར་ཕྱུགས་ཁང་སོགས་ཀྱི་སྔོན་འགོག་རང་བཞིན་གྱི་དུག་སེལ་ལ་ཤུགས་སྣོན་པ་དང་།   དུག་སེལ་བྱེད་ཚད་ཇེ་མང་དུ་བཏང་སྟེ། ནད་ཡམས་མེད་པར་བཟོས།   ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ལག་བསྟར་བྱས་པ་དང་།   མི་ཆོག་པ་བཞི་དང་ཐག་གཅོད་གཅིག་གི་ལམ་ལུགས་ལག་བསྟར་བྱས་ལ།  ནད་ཡམས་ཀྱི་འགུལ་རྣམ་ལ་མཉམ་འཇོག་བྱས་པ་དང་།   སྔ་མགྱོགས་གཟབ་ཆུང་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ནད་ཡམས་ལ་བརྟག་བཅོས་ཡང་དག་བྱས།   ཆ་འཕྲིན་ཡར་སྐྱེལ་བརྒྱུད་རིམ་གཏན་ཁེལ་གསལ་བོ་བྱས་པ་དང་།   དུས་ཐོག་ཏུ་ནད་ཡམས་ཀྱི་ཆ་འཕྲིན་ལ་བཤེར་བདར་བྱས་ལ།   ནད་ཡམས་ཡར་ཞུ་ཡི་ཡང་དག་རང་བཞིན་དང་དུས་ཐོག་རང་བཞིན་ཇེ་མཐོར་བཏང་བ་དང་།   འཕྲལ་བསྟུན་ཐག་གཅོད་ཐད་ནས་ཚན་རིག་དང་མཐུན་པ་དང་ཕན་པ་ལྡན་པར་ཁག་ཐེག་བྱས་ལ།   ཚད་ཆེས་ཆེ་བའི་སྒོ་ནས་ནད་ཡམས་ཁྱབ་ཁོངས་ཆེས་ཆུང་སར་ཚོད་འཛིན་བྱས་ཏེ།   རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་རྒྱུ་ནོར་གྱི་གྱོང་གུད་ཇེ་ཆུང་དུ་བཏང་།

རིན་ཆེན་མཚོས་བསྒྱུར།