དམངས་སྲིད་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར་སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་དེ་ལམ་ལུགས་ཀྱི་རྣམ་པས་གཏན་འཁེལ་བྱས་ཏེ་སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་དམངས་སྲིད་པུའུ་ཡིས་དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་བསྟར་འཛིན། བྱས་རྗེས་འཇོག་ཅེས་པའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་། མ་རྩོམ་ཀློག་པ། རྩ་བའི་རིགས་པ་རྟོགས་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་གཅིག་སྡུད་ཐོག་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ་སྔ་རྗེས་སུ་དམངས་སྲིད་ཞབས་ཞུའི་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས། མཁར་གྲོང་གཞིས་ཁུལ་བདུན་བརྒྱ་ལྷག་ཏུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས།
བརྗོད་དོན་སློབ་གསོའི་ཁྲོད་དམངས་སྲིད་པུའུ་ཡིས་རྒན་གསོ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ། བྱིས་པའི་ཕན་བདེ་སོགས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམ་པོར་དམིགས་ནས་ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོ་སྔར་ལསབཟང་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་སོགས་ཆེད་དོན་བྱ་སྤྱོད་ཆེ་གྲས་དགུ་ཏན་ཏིག་ངང་སྤེལ་བ་དང་དཀའ་ངལ་ཡོད་པའི་བྱིས་པ་དང་ནུས་ཤོར་རྒན་རྒོན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ།
གོམ་སྟབས་རྗེས་མར་དམངས་སྲིད་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་གཞན་སྒྱུར་བྱ་བ་སྔར་ལས་ཡག་པོར་སྒྲུབ་པ་དང་། གཞི་རྩའི་དམངས་ཚིས་འགན་སྲུང་སོགས་ཀྱི་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ། སྤུས་ཚད་མཐོན་པོས་དམངས་སྲིད་སྡེ་ཁག་གི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་དེ་དམངས་སྲིད་ཁྱབ་ཁོངས་སུ་གཞི་ཚུགས་ཐུབ་པར་བྱ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།