མཚོ་སྔོན་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱིས་དུས་རབས་གསར་བའི་རྩོམ་རིག་སྦྲེལ་མཐུད་རོགས་སྐྱོར་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་བར་གྱི་རྩོམ་རིག་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ། ཅང་སུའུ་དང་མཚོ་སྔོན་གྱི་རྩོམ་རིག་སྦྲེལ་མཐུད་རོགས་སྐྱོར་གྱི་རྣམ་པ་བཟང་བོ་གྲུབ་པར་བྱེད་ཆེད། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཅང་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་སྔོན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་དགེ་མཚན་ཁ་གསབ་དང་མཉམ་ལས་འཕེལ་རྒྱས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ནས། ས་གཉིས་ཀྱི་རྩོམ་རིག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་རྩོམ་རིག་གི་ཚོང་རྟགས་མཉམ་འཛུགས་བྱེད་པ། འབྲི་ཆུའི་འགོ་ཁུངས་འཚོལ་བའི་རྩོམ་རིག་གི་མཚོ་སྔོན་ལ་དྲོད་སྐྱེལ་བའི་བརྗོད་དོན་རྩོམ་རིག་རྣམ་གྲངས་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད། དུས་དེབ་ཀྱི་འཐབ་ཇུས་མཉམ་ལས་ལག་བསྟར་བྱེད་རྒྱུ་རེད།
ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་དུས་བཅད་ལྟར་རྩོམ་པ་པོའི་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ནས་ཕན་ཚུན་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས། ཞིང་ཆེན་གཉིས་ཀྱི་རྩོམ་རིག་མཉམ་ལས་ཐད་ནས་བཞུགས་མོལ་བརྗེ་རེས་སྤེལ་བ་དང་། འབྲི་ཆུའི་རིག་གནས་དང་རི་གྲོང་གི་འགྱུར་ལྡོག་སོགས་བརྗོད་དོན་དུ་བྱས་པའི་འཚོ་བ་དང་འཚོལ་སྡུད་གསར་རྩོམ་བྱ་འགུལ་སྤེལ། ཀྲུང་གོ་ཅང་སུའུ་ཡང་ཙི་ཆུ་བོའི་རྩོམ་པ་པོའི་གཟའ་འཁོར་དང་མཚོ་སྔོན་པོའི་སྙན་ངག་དུས་ཆེན། ཡང་ཙི་ཆུ་བོའི་དྲ་ཐོག་རྩོམ་རིག་གཟའ་འཁོར་སོགས་རྩོམ་རིག་བྱ་འགུལ་གལ་ཆེན་ཁྲོད། ཕྱོགས་གཉིས་ཀྱི་རྩོམ་པ་པོ་གདན་ཞུ་བྱེད་པ་མ་ཟད། བྱ་འགུལ་སྐབས་སུ་ཤར་ནུབ་རྒྱུད་རྩོམ་རིག་གླེང་སྟེགས་སོག་བརྗེ་རེས་ནང་དོན་བཀོད་སྒྲིག་བྱེད་རྒྱུ་རེད། འབྲི་ཆུའི་འགོ་ཁུངས་འཚོལ་བའི་རྩོམ་རིག་གི་མཚོ་སྔོན་ལ་དྲོད་སྐྱེལ་བའི་བརྗོད་དོན་རྩོམ་རིག་རྣམ་གྲངས་ཇུས་འགོད་བྱས་ནས་ལག་བསྟར་བྱེད་པ་དང་། གསར་རྩོམ་དང་རྩོམ་རིག་གླེང་སྟེགས། བརྩམས་ཆོས་བགྲོ་གླེང་དང་བརྗོད་དོན་རྩོམ་བསྡུ་སོགས་ཀྱི་མུ་འབྲེལ་བྱ་འགུལ་རྩ་འཛུགས་བྱེད་པ། ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་པ། འབྲི་ཆུའི་རིག་གནས་དང་སྐྱེ་ཁམས་རྩོམ་རིག་སོགས་ཀྱི་བརྗོད་དོན་གསར་རྩོམ་གལ་ཆེན་སྤེལ་བ་བཅས་བྱས་ཏེ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་རྒྱུ་རེད།
ཞིང་ཆེན་གཉིས་ཀྱིས་མཚོ་སྔོན་པོ་དང་ཡང་ཙི་ཆུ་བའི་སྙན་ངག་དུས་དེབ་སོགས་རྩོམ་རིག་དུས་དེབས་སྟེགས་བུ་རུ་བྱས་ནས། འཐབ་ཇུས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། བརྩམས་ཆོས་བགྲོ་གླེང་དང་བརྩམས་ཆོས་དག་བཅོས། དུས་དེབ་རྩོམ་སྒྲིག་བརྗེ་རེས་སོགས་ཀྱི་མུ་འབྲེལ་བྱ་འགུལ་རྩ་འཛུགས་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཕྱོགས་གཉིས་ཀྱི་རྩོམ་རིག་གླིང་གིས་འགན་ཁུར་ནས་རྩོམ་པ་པོའི་བརྗེ་རེས་གསོ་སྦྱོང་བྱ་བར་རྩ་འཛུགས་བྱས་ནས། ལོ་རེར་སློབ་མ་བདམས་ཏེ། ཕྱོགས་གཉིས་ཀྱིས་རྩ་འཛུགས་བྱས་པའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དང་ན་གཞོན་འཛིན་གྲྭ་སོགས་རྩོམ་པ་པོའི་གསོ་སྦྱོང་དང་ཟབ་སྦྱོང་འཛིན་གྲྭའི་བྱ་འགུལ་ལ་ཞུགས་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།